ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སི་ཁྲོན་དུ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-07


              སྤྱི་ཟླ་11པའི་ཚེས་6ཉིན་གྱི་ཕྱི་དྲོར།  ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཆེད་དོན་སློབ་སྦྱོང་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གི་གསུངས་བཤད་གལ་ཆེན་དང་། 《གནས་བབ་གསར་བའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ། 》《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་སྲོལ་ཡིག》བཅས་ལ་གཅིག་བསྡུས་སྒོས་སློབ་སྦྱོང་བྱས།

            ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་སློབ་སྦྱོང་ཚོགས་འདུ་ལ་གཙོ་སྐྱོང་མཛད་པར་མ་ཟད་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙིན་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོའུ་ཀོ་ཀྲུང་དང་ཞིང་ཆེན་གྱི་འགོ་ཁྲིད་པ་ཧོང་ཞིན་ཁྲོའུ། ཝང་ཡན་ཧྥེ། ཧྥན་རེའུ་ཕིང་། ལོའུ་ཅ་གོ ཝུའུ་ཅིན་ཕིང་།ཝང་ཉིང་། ཧྲི་ཅིན། ཚེའུ་པའོ་ཧྭ། ཆིའུ་མོའུ་ཧྲི་ཧྭ། ཀན་ལིན། ཁྲེན་བཀང་ཀྲི་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་གནང་།
             ཚང་མས་ཐུན་མོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ལ་རྒྱལ་ཁ་ཐོབ་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཁྲོད་མར་ཁེ་སི་རང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་དང་འབྲེལ་ཞིང་། གསར་སྐྲུན་རང་བཞིན་གྱི་སྒོ་ནས་བསམ་བློ་གསར་པ་དང་འདུ་ཤེས་གསར་པ། བླང་བྱ་གསར་པ་བཅས་བཏོན་ཏེ། གོམ་གང་མདུན་སྤོས་སྐོས་ཏང་གི་འཛུགས་སྐྲུན་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་དུ་བྱེད་པ་ནི་མར་ཁེ་སི་རང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཐད་བླངས་བའི་གྲུབ་འབྲས་གསར་པ་ཞིག་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་དང་ཏང་གསར་སྐྲུན་བྱེད་པའི་རྣམ་པ་གསར་པའི་བྱ་སྤྱོད་ཀྱི་རྩ་གནད་ཅིག་ཡིན་པར་ངོས་འཛིན་བྱས། 
           ཝང་ཏུང་མིང་གིས་གཏམ་བཤད་ཀྱི་ཁྲོད་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཙུའུ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོན་དངོས་ཐོག་འདུ་ཤེས་ཆེན་མོ་བཞི་དང་ལྷག་པར་དུ་སྲོག་ཤིང་འདུ་ཤེས་དང་། མིག་ལྟོས་ཀྱི་འདུ་ཤེས་ལ་ཤུགས་སྣོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནས་པའི་ཏང་ཀྲུང་དབྱང་གི་དབང་ཆ་དང་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོར་གཅིག་གྱུར་ཡོང་བར་བྱས་ནས། རང་འགུལ་གྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་སྲིད་ཇུས་བཀོད་སྒྲིག་བཅས་ལ་མིག་ལྟོས་བྱས་ནས། ཏང་ཀྲུང་དབྱང་གིས་བཏོན་པར་མཐའ་གཅིག་ཏུ་བརྩི་སྲུང་དང་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་པར་གཏན་ནས་མི་སྒྲུབ་པ་བཅས་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1