དཀར་མཛེས་ཁུལ་ཁུལ་ཨུས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-07


        ཉེ་ལམ། དཀར་མཛེས་ཁུལ་ཁུལ་ཨུས་ལས་བཟོ་བའི་ཚོགས་ཆེན་འཚོགས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱས་པར་མ་ཟད། ཉེ་ལམ་ཁུལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་ཀའི་གོམ་གང་མདུན་སྤོས་ངང་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་ཤུགས་སྣོན། ཡང་བསྐྱར་ལག་བསྟར་བྱས། གྲོས་ཚོགས་ལས་ཏང་ཨུ་ལ་སྐུལ་སློང་ཡོད་པ་དང་སྒྲོག་འགྲེལ་སྔོན་དུ་བསྐྱོད་པའི་བླང་བྱ་ལྟར། དཀར་མཛེས་ཁུལ་ཡོངས་ཀྱིས་སྒྲོག་འགྲེལ་རིག་གནས་འཐབ་ཕྱོགས་ལ་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁུར་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཀྱི་ངོས་ནས་སྔར་ལས་ལེགས་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མཐའ་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུའི་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ཕན་ནུས་ལྡན་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་སྒྲོག་འགྲེལ་གསེད་བཀྲོལ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་མགྱོགས་མྱུར་སྒོས་མཛེས་སྡུག་ལྟ་ན་སྡུག་ཅིང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་འཛུགས་སྐྲུན་བྱེད་པར་ཤུགས་ནུས་བཏོན་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་སྐབས་བཅུ་དགུའི་དམངས་འཐུས་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས་ཞེས་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1