ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་སྟེང་མི་ཉག་གཉེན་སྟོན་རིག་གནས་ཀྱིས་མི་རྣམས་ཀྱི་མིག་དབང་འཕྲོག

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-08


      

        སྤྱི་ཟླ་3པའི་ཕྱི་དྲོར། ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་སྟེང་མི་ཉག་གྱི་རྒྱན་གོས་གྱོན་པའི་གཉེན་སྟོན་པ་གཉིས་ཀྱིས་མི་རྣམ་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག  རྒྱུས་ལོན་བྱུང་པ་ལྟར་ན།  འདི་ནི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གྱི་སྤེལ་པའི་“དར་མདོ་ཉིན་མོ་”ཞེས་པའི་ཚོང་འགུག་དངུལ་འདྲེན་བྱེད་སྒོའི་ཡུལ་དངོས་གི་རྣམ་པ་རེད།  

        བྱེད་སྒོའི་ཁྲོད་ལས་བྱེད་པ་བརྒྱད་ཀྱིས་མི་ཉག་སྲོལ་རྒྱུན་གྱི་རྒྱན་གོས་དང་གསེར་དངུལ་སོགས་ཀྱི་རྒྱན་ཆས་སྤྲས་ནས་ཐེངས་འདིའི་འགྲེམ་སྟོན་བྱེད་སྒོའི་སྟེང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འགྲེམ་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་པ་ལྟར་ན། དར་མདོ་གྲོང་ཁྱེར་དུ་རྫོང་སྟུག་པའི་སྲོལ་རྒྱུན་རིག་གནས་མང་ཞིང་། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་མི་ཉག་གི་སྲོལ་རྒྱུན་གཉེན་སྟོན་ལུགས་སྲོལ་གཞིར་བཟུང་ནས། ཕྱོགས་གཅིག་ནས་་མི་ཉག་གི་རིག་གནས་ཁྱབ་བསྒྲགས་བྱས་ཤིང་བོད་མི་རིགས་དང་མི་རིགས་གཞན་དག་བར་གྱི་སྤེལ་རེས་དང་འཕེལ་རྒྱས་སྐུལ་འདེད་བཏང་།  ཕྱོགས་གཞན་ཞིག་ནས།  དར་མདོ་གྲོང་ཁྱེར་གྱི་ཁྱད་ཆོས་ལྡན་པའི་རིག་གནས་གཞིར་བཟུང་ནས་ཚོང་འགུག་དངུལ་འདྲེན་གྱི་བྱེད་སྒོ་སྤེལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1