དཀར་མཛེས་ཁུལ་གྱིས་དཀའ་ངལ་ཡོད་པའི་སློབ་ཞུགས་སློབ་མར་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 11-09


        

        སྤྱི་ཟླ་11པའི་ཚེས་7པར།  དཀར་མཛེས་ཁུལ་ཏང་ཨུ་དང་དཀར་མཛེས་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། དཀར་མཛེས་ཁུལ་སློབ་གསོ་ཅུས་དང་། དཀར་མཛེས་ཁུལ་ནོར་སྲིད་ཅུས།  དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས། དཀར་མཛེས་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་མཉམ་དུ་འགན་བསྒྲུབས་པའི་དཀར་མཛེས་ཁུལ་གྱི་དཀའ་ངལ་ཡོད་པའི་སློབ་ཞུགས་སློབ་མར་རོགས་དངུལ་སྤྲོད་པའི་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་སྤེལ། མིག་སྔར། དཀར་མཛེས་ཁུལ་ཡོངས་ཀྱིས་2016ལོའི་དངོས་གཞི་སློབ་མ་གསར་པའི་ནང་དཀའ་ངལ་ཡོད་པའི་སློབ་མ་1361ལ་རོགས་སྐྱོར་དངུལ་ཁྲི་471.5སྤྲད།  


        སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོའི་སྟེང་། དཀར་མཛེས་ཁུལ་སློབ་གསོ་ཅུས་ཀྱིས་ཁུལ་ཡོངས་ཀྱིས་དཀའ་ངལ་ཡོད་པའི་སློབ་ཞུགས་སློབ་མ་རྣམས་ལ་སློབ་སྐྱོར་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། མཛད་སྒོ་ནང་ཞུགས་པའི་འགོ་ཁྲིད་ཀྱིས་རོགས་སྐྱོར་ཐོབ་མཁན་སློབ་མའི་འཐུས་མིར་རོགས་དངུལ་སྤྲད།   རོགས་སྐྱོར་ཐོབ་མཁན་གྱི་སློབ་མའི་འཐུས་མི་སྒྲོལ་དཀར་གྱིས་གཏམ་བཤད་སྤེལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1