​སྐབས་བཅུ་དྲུག་པའི་ནུབ་རྒྱུད་དངོས་མང་འགྲེམ་སྟོན་ཚོགས་འདུ་ཡིས་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་འགྲེམ་སྟོན་འགོ་ཚུགས་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-09


           གསར་འགོད་པའི་སི་ཁྲོན་དངོས་མང་འགྲེམ་སྟོན་ལས་དོན་ཅུའུ་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ནུབ་རྒྱུད་དངོས་མང་འགྲེམ་ཚོགས་ཀྱིས་ཚེས་10ཉིན་ཁྲེན་ཏུའུ་ནས་དུས་རིམ་གཉིས་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། དུས་རིམ་དང་པོའི་བརྗོད་བྱ་གཙོ་བོ་སྟེ་མ་འཇོག་བྱེད་པར་སྐུལ་འདེད་གཏོང་བ་དང་བསྡུར་ན། དུས་རིམ་གཉིས་པ་ནི་གསར་དར་མཛད་སྤྱོད་ཐོན་རྫས་འགྲེམ་སྟོན་དང་དེ་ལས་ཚོང་ཟོག་བརྗེ་རེས་མཉམ་ལས་བྱེད་པ་དེ་འབུར་དུ་ཐོན་ཡོད། 
           སི་ཁྲོན་འགྲེམ་སྟོན་ཅུའུ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས། དུས་སྐབས་གཉིས་པའི་སྐབས་སུ་སི་ཁྲོན་གྱི་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཁང་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཁང་།རྒྱལ་སྤྱིའི་སྤུས་ཚད་མཐོ་བའི་འཚོ་བའི་འགྲེམ་སྟོན་ཁང་། ལས་རྩལ་མཁོ་ཆས་ཀྱི་འགྲེམ་སྟོན་ཁང་དང་གསར་སྐྲུན་ཐོན་ལས་འགྲེམ་སྟོན་ཁང་བཅས་བཀོད་སྒྲིག་བྱས་ཡོད་ཅེས་བསྟན།
          གནས་ཚུལ་རྒྱུས་ལོན་པ་ལྟར་ན། སི་ཁྲོན་གྱི་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཁང་གིས་གཙོ་བོ་ཞིང་ལས་རིགས་བདག་གཉེར་བྱེད་པའི་སྲོག་ཤིང་གསར་བ་འཕེལ་རྒྱས་ཀྱིས་དེང་རབས་ཞིང་ལས་ཐད་བླངས་བའི་གྲུབ་འབྲས་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་བཅས་འགྲེམ་སྟོན་བྱ་རྒྱུ། རྒྱལ་སྤྱིའི་དར་སྲོལ་འཚོ་བའི་འགྲེམ་སྟོན་ཁང་གིས་གཙོ་བོ་ཁྱིམ་ཆས་ཇུས་འགོད་དང་། ཁྱིམ་ཆས་ཐོན་རྫས། གྱོན་ཆས་དང་རྒྱན་ཆ། སྤྲོ་གསེང་བདེ་སྲུང་། བཟའ་བཏུང་ཟས་རིགས། སིལ་འཚོང་རྒྱུད་འབྲེལ་ཁང་སོགས་ཁྱབ་ཁོངས་ཀྱི་ཐོན་རྫས་དང་ཞབས་ཞུའི་སྐོར་འགྲེམ་སྟོན་བྱ་རྒྱུ་ཡིན་པར་མ་ཟད། ལུས་རྩལ་མཁོ་ཆས་འགྲེམ་སྟོན་ཁང་གིས་གཙོ་བོ་ལུས་རྩལ་འགྲན་ར་དང་མང་ཚོགས་ལ་ལུས་རྩལ་ར་བ་སྒྲིག་བཀོད་དང་ཞབས་ཞུ། ལུས་རྩལ་གྱི་རྒྱུ་ཆ་དང་ཐོན་རྫས། ཕྱི་རོལ་གྱི་ལུས་རྩལ་སྒྲིག་ཆས། ལུས་རྩལ་གྱོན་ཆས་སོགས་གཙོ་བོ་འགྲེམ་སྟོན་བྱ་རྒྱུ་རེད། རིག་གནས་གསར་སྐྲུན་གྱི་ཐོན་རྫས་དང་། གསར་སྐྲུན་ཚན་རིག་གླིང་དང་གྲུབ་འབྲས། འགུལ་རིས་ཐོན་ལས་དང་དངུལ་རྩའི་ལག་ཆ། གྲངས་ཀའི་རྩེད་མོ་སོགས་གསར་སྐྲུན་ཐོན་ཁང་ནང་དུ་འགྲེམ་སྟོན་བྱས་ཡོད། 
         གནས་ཚུལ་རྒྱུས་ལོན་པ་ལྟར་ན། སྐབས་འདུའི་ནུབ་རྒྱུད་དངོས་མང་འགྲེམ་ཚོགས་ཀྱི་དུས་རིམ་དང་པོའི་སྐབས་སུ་མ་འཇོག་བྱེད་པར་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཅུང་མངོན་གསལ་ཅིག་ཡིན་པ་དང་། སྐབས་དགུ་བའི་ཀྲུང་གོའི་ནུབ་རྒྱུད་དུ་མ་འཇོག་བྱེད་པའི་གསལ་བཤད་ཚོགས་འདུ་དང་དཔལ་འབྱོར་མཉམ་ལས་ཀྱི་རྣམ་གྲངས་ཐོག་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཏུ།ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་བཅས་12དང་། དེ་མིན་ཤིན་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་ཚོགས་པ་དང་། རྒྱལ་ནང་གི་མ་འཇོག་བྱེད་མཁན་བར་མ་འཇོག་མཉམ་ལས་ཀྱི་རྣམ་གྲངས་1008ལ་མིང་རྟགས་བཀོད་པ་དང་།སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་7876.85སླེབས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1