བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཐག་རིང་དགོན་སྡེའི་གྲྭ་བཙུན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་ཐེངས་12པའི་སློབ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 11-10


        སྤྱི་ཟླ་11པའི་ཚེས་7ཉིན་གྱི་སྔ་དྲོར།  བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཐེམ་ཁོངས་ནག་ཆུ་ནས་ཡིན་པའི་ཐག་རིང་དགོན་སྡེའི་གྲྭ་བཙུན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་ཐེངས་12པའི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་དབུ་འཛིན་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
        སྦྱོང་བརྡར་ཁྲོད་གྲྭ་བཙུན་སློབ་མ་ཚོས་ཐེངས་འདིའི་སྦྱོང་བརྡར་གྱི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་ཏེ་མཐུན་སྒྲིལ་ཡར་ཐོན་དང་སློབ་སྦྱོང་ལ་འབད་བརྩོན།  ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་ནས་ཆོས་ལུགས་ཀྱི་རིག་གཞུང་དང་ཚན་རིག་རིག་གནས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ།  རྒྱལ་སྐྱོང་འགྲོ་ཕན་དང་རྟོགས་པ་མཐོ་བའི་དཔེ་བཟང་གྲྭ་བཙུན་ཞིག་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1