ཧུང་ཡོན་རྫོང་གིས་འབྲོག་པའི་ལག་རྩལ་གསོ་སྦྱོང་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རོགས་འདེགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-11


        ཉེ་ལམ། ཧུང་ཡོན་རྫོང་གིས་གནད་སྨིན་དབུལ་སྐྱོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལག་རྩལ་གསོ་སྐྱོང་བསྡུས། གསོ་སྐྱོང་དགེ་རྒན་གྱིས་རང་ཉིད་ཀྱི་ཆེད་ལས་ཁྱད་ཆོས་དང་ས་གནས་དེ་གའི་དབུལ་སྐྱོར་ཐོན་ལས་ཀྱི་འཕེལ་རྒྱས་སོགས་དངོས་ཡོད་གནས་ཚུལ་དང་ས་གནས་དེ་གའི་སྒོ་ཕྱུགས་གསོ་སྤེལ་གྱི་གོམ་གཤིས་ལྟར་འབྲོག་པ་མང་ཚོགས་ལ་ཁ་གསལ་གོ་བདེའི་སློབ་ཁྲིད་གནང་བ་རེད། གསོ་སྐྱོང་སྟེང་སློབ་མ་275ལ་བོད་ཡིག་གི་ཧུང་ཡོན་རྫོང་དངོས་སྤྱོད་ལག་རྩལ་དཔེ་ཚན་ཁྱབ་དཔེ་ཚོགས་ཀྱི་དེབ་དང་པོ་སྟེ《གཟན་རྩྭ་འདེབས་འཛུགས་དང་ལག་རྩལ་བཀོལ་སྤྱོད་ཀྱི་ལག་དེབ།》དེབ་300ལྷག་སྤྲད། ཐེངས་འདིའི་གསོ་སྐྱོང་བརྒྱུད་ཧུང་ཡོན་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་སོ་སོའི་ཁྱད་ཆོས་ལྡན་པའི་ཐོན་ལས་དང་སྒོ་ཕྱུགས་གསོ་སྤེལ་གྱི་ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་ཀྱི་ནུས་པ་ཐོན་ནས་དབུལ་ཕོངས་ལས་ཐར་ཏེ་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་པར་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1