ཁྲོ་ལའི་ཕུག་ལམ་གྱི་འཛུགས་སྐྲུན་ལེགས་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་རྒྱ་ཡིག་དྲ་བ། སྤེལ་དུས། 11-11


        

        སྤྱི་ཟླ་11པའི་ཚེས་10ཉིན། ལོ་ངོ་དྲུག་ལ་འཛུགས་སྐྲུན་བྱས་ཤིང་སྤྱིའི་རིང་ཚད་ལ་སྨི་7079ཡོད་པའི་རྒྱལ་ལམ་317(ཁྲོན་བོད་བྱང་ལམ།)ཁྲོ་ལའི་ཕུག་ལམ་གྱི་ལམ་ཐིག་ཧྲིལ་བོའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། སྔོན་དཔག་བྱས་པ་ལྟར་ན་སང་ལོའི་དབྱར་ཁར་རླངས་འཁོར་ཤར་གཏོང་བྱ་ཐུབ་རྒྱུ་རེད། 


        རྒྱུས་ལོན་བྱུང་བ་ལྟར་ན། ཁྲོ་ལའི་ཕུག་ལམ་ནི་འཛམ་གླིང་སྟེང་མཚོ་འཕགས་སྨི4300ཡན་དུ་འཛུགས་སྐྲུན་བྱས་པའི་ཕུག་ལམ་ཆེས་རིང་ཤོས་དེ་ཡིན་ཞིང་། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་འཛམ་གླིང་གི་ཆེས་མཐོ་བའི་ཕུག་ལམ་རིང་ཤོས་སུ་གྱུར་བ་རེད། ཁྲོ་ལའི་ཕུག་ལམ་ལ་ཕུག་ལམ་དང་འདྲེན་ལམ་བཅས་རིགས་ཆེན་པོ་གཉིས་འདུས་པ་དང་། ཕུག་ལམ་གྱི་རིང་ཚད་ལ་སྤྱི་ལེ་7ལྷག་ཡོད།  ཕྱོགས་གཉིས་ཤར་གཏོང་གི་གཞུང་ལམ་ཡིན་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར11.2བཏང་། ཉིན་རེར་རླངས་འཁོར5000ཤར་གཏོང་བྱེད་པའི་དགོས་མཁོ་སྐོང་ཐུབ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1