ཆུ་ཆེན་རྫོང་དུ་ལོ་མ་དམར་པོའི་དུས་ཆེན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-14



        སྤྱི་ཟླ་11པའི་ཚེས་11ཉིན། 2016ལོའི་ལོ་མ་དམར་པོའི་སྐྱེ་ཁམས་ཡུལ་སྐོར་དུས་ཆེན་གྱི་ཡན་ལག་ཚོགས་ར་དང་ཆུ་ཆེན་རྫོང་གི་ལོ་མ་དམར་པོའི་དུས་ཆེན་ཆུ་ཆེན་རྫོང་དུ་སྤེལ། ཐེངས་འདིའི་དུས་ཆེན་ལས་མང་ཚོགས་ཅན་དང་དམངས་སྲོལ་ཅན། སྤྲོ་གསེང་ཅན། གདོད་མའི་སྐྱེ་ཁམས་བཅས་ཀྱི་ཁྱད་ཆོས་གཙོར་བཟུང་ཞིང་། པར་ལེན་འགྲེམ་སྟོན་དང་སྒྱུ་རྩལ་རིག་གནས། རིག་རྩལ་འཁྲབ་སྟོན། ཞིང་ལས་རིག་གནས་འགྲེམ་སྟོན། ཞིང་ལས་ཐོན་རྫས་བཀྲམ་ཚོང་། ཟས་རིགས་བཀྲམ་སྟོན་སོགས་ཀྱི་མུ་འབྲེལ་བྱེད་སྒོ་བརྒྱུད་དེ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མགྲོན་པོ་དག་ལ་ཡུལ་སྐོར་དང་རིག་གནས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་སོགས་ཀྱི་གསོལ་སྟོན་ཆེན་པོ་ཞིག་བཤམས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1