ཟུང་ཆུ་རྫོང་གིས་གསར་སྣོན་བྱས་པའི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བར་ལག་རྩལ་གསོ་སྦྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-16


        ཉེ་ལམ། ཟུང་ཆུ་རྫོང་ཞིང་ཕྱུགས་ལས་དང་ཆུ་དོན་ཅུས་གཉིས་ཀྱིས་ཁུལ་འདྲེད་འཐེན་འཁོར་ལོའི་ཁ་ལོ་བའི་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ་གཞུང་ལུགས་+ལག་ལེན་གྱི་གསོ་སྦྱོང་བྱེད་ཐབས་སྤྱད་དེ། རྫོང་ཡོངས་ཀྱི་གསར་དུ་བསྣན་པའི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བར་བདེ་འཇགས་ངང་ཞིང་ལས་འཕྲུལ་ཆས་བཀོལ་བ་ཞེས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་གསོ་སྦྱོང་བྱས། ཁ་ལོ་བ་བདུན་གསོ་སྦྱོང་དུ་ཞུགས་པ་དང་ཚད་ཐིག་དང་མཐུན་ཚད་100%ཡིན་པ་རེད། གསོ་སྦྱོང་བརྒྱུད། ཟུང་ཆུ་རྫོང་གི་ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་ཀྱི་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་བཏང་ནས་བདེ་འཇགས་ཐད་ཀྱི་དོན་རྐྱེན་མི་འབྱུང་བར་རྨང་གཞི་བཏིངས་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1