སྐབས་དང་པོའི་བདེ་ཆེན་གྱི་ཐང་གའི་གླེང་སྟེགས་བསྡུས།

པད་མ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 11-16


        ཟླ11པའི་ཚེས་12ཉིན།   བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁང་གིས་གཙོ་གཉེར་བྱས་པ་དང་།   རྒྱལ་ཐང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་མཐུན་ཚོགས།  སེམས་ཀྱི་ཉི་ཟླའི་ན་གཞོན་གླིང་ཀ་བཅས་ཀྱིས་སྒྲུབ་འགན་འཁུར་བ།   བདེ་ཆེན་སུམ་གླིང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི།  སེམས་ཀྱི་ཉི་ཟླའི་ཐང་གའི་སྒྱུ་རྩལ་གླིང་བཅས་ཀྱིས་རོགས་སྒྲུབ་བྱས་པའི་སྐབས་དང་པོའི་བདེ་ཆེན་གྱི་ཐང་གའི་གླེང་སྟེགས་དེ་སེམས་ཀྱི་ཉི་ཟླར་བསྡུས་པ་དང་།   ཆེད་མཁས་པ་དང་ཐང་ག་བཞེངས་འབྲི་མཁན།   ཁེ་ལས་ཀྱི་འཐུས་མི།   འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་སོགས་མི་30ལྷག་གིས་བདེ་ཆེན་གྱི་ཐང་གའི་གནས་ངེས་དང་སྲུང་སྐྱོང་།  རྒྱུན་འཛིན་དང་དར་སྤེལ་སོགས་ཀྱི་སྐོར་ལ་བརྗེ་རེས་དང་དཔྱད་བསྡུར་བྱས་པ་རེད།
གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།

འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཐང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་མཐུན་ཚོགས་ཀྱི་འཐུས་མིས་གསུང་བཤད་གནང་བ།

བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་བཞག་ཁང་གི་འགན་འཁུར་བས་གསུང་བཤད་གནང་བ།
        ཆེད་མཁས་པ་རྣམས་ཀྱིས་བསྟན་དོན།   བདེ་ཆེན་གྱི་ཐང་གས་རྒྱལ་ཁབ་ཀྱིས་འདོན་པའི་རིག་གནས་ཀྱི་དར་རྒྱས་ཆེན་མོ་དང་གོང་འཕེལ་ཆེན་མོ་ཞེས་པར་བསྟུན་ནས།  སེམས་ཀྱི་ཉི་ཟླར་ཐང་ག་བཞེངས་འབྲིའི་ཚ་རླབས་འཕྱུར་ཡོད་དེ།   བོད་ལྗོངས་དང་སི་ཁྲོན།  མཚོ་སྔོན།  ཀན་སུའུ་སོགས་བོད་ཁུལ་ནས་ཡོང་བའི་ཐང་ག་བཞེངས་འབྲི་མཁན་ས་འདིར་འདུས་ནས།   ཐང་ག་བྲིས་རྒྱུན་དག་གི་དགེ་མཚན་དང་བདེ་ཆེན་གྱི་ཁྱད་ལྡན་རིག་གནས་འདུས་ཏེ་བདེ་ཆེན་གྱི་ཐང་ག་རིག་གནས་ཆགས་ཡོད་པ་དེ་བོད་ཁུལ་ཐང་གའི་རིག་གནས་ནང་གི་ཁྱད་མཚར་ཞིག་དུ་གྱུར་ཡོད།
ཕུལ་བྱུང་སློབ་གཉེར་བར་བྱ་དགའ་གནང་བ།

ཕུལ་བྱུང་སློབ་གཉེར་བ་དང་འགོ་ཁྲིད་ཀྱི་ལྷན་ཞུགས་འདྲ་པར།

        ཆེད་མཁས་པ་རྣམས་ཀྱིས་རེ་བ་བསྟན་དོན།    བདེ་ཆེན་གྱི་ཐང་གའི་རྒྱུན་འཛིན་དང་སྲུང་སྐྱོང་།   དར་སྤེལ་ཁྲོད་དུ་ཐོན་ཁུངས་སྡེབ་སྒྲིག་དང་ཕན་ཚུན་གྲོས་བསྡུར་དང་ཞིབ་འཇུག    ཕན་ཚུན་བརྗེ་རེས།   མིག་དཔེ་ལྟ་རེས་དང་དགེ་མཚན་གསབ་རེས་བྱས་ནས་གོམ་གང་མདུན་སྤོས་ཀྱིས་སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་པའི་ཐང་གའི་བྲིས་རྒྱུན་ཆགས་ཏེ།   སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་སྲུང་སྐྱོང་དང་གོང་སྤེལ་ཐོག་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

གླེང་སྟེགས་ཀྱི་ཡུལ་དངོས།

ཆེད་མཁས་པ་དང་ཁེ་ལས།   མཐུན་ཚོགས་ཀྱི་འཐུས་མིས་གསུང་བཤད་གནང་བ།
        གླེང་སྟེགས་ཀྱིས་ད་དུང་རྒྱལ་ཐང་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་མཐུན་ཚོགས་དབུ་བརྙེས་ནས་ལོ་10འཁོར་བའི་ཚུན་དུ་ཐང་གའི་རིག་གནས་ཀྱི་རྒྱུན་འཛིན་དང་སྲུང་སྐྱོང་།  དར་སྤེལ་སོགས་ལ་ལེགས་སྐྱེས་འབུལ་བའི་བསམ་གཏན་བསྟན་འཛིན་དང་བློ་བཟང་བསྟན་འཛིན་གཉིས་ལ་ཕུལ་བྱུང་བའི་སློབ་གཉེར་བ་ཞེས་པའི་བྱ་དགའ་གནང་བ་རེད།

ཆེད་མཁས་པ་རྣམས་ཀྱིས་ངལ་གསོའི་དུས་སུ་བོད་ཡིག་ཡིག་གཟུགས་བྲིས་ནས་གྲོགས་པོ་ཚོར་གནང་བ།

བྱིས་པ་ཞིག་གིས་ཆེད་མཁས་པས་གནང་བའི་བོད་ཡིག་ཡིག་གཟུགས་བྲིས་རྩལ་ལ་ལྟ་བ།
        རྒྱུས་ལོན་བྱས་པ་ལྟར་ན།   གླེང་སྟེགས་ཀྱིས་གོམ་གང་མདུན་སྤོས་ཀྱིས་བདེ་ཆེན་གྱི་ཐང་གའི་བཞེངས་འབྲི་སྒྱུ་རྩལ་དེ་བས་ཕན་ནུས་ལྡན་པས་རྒྱུན་འཛིན་དང་སྲུང་སྐྱོང་།  དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།
ཐང་གའི་བཞེངས་འབྲིའི་ཚོན་རྫས།

གདང་བུའི་ཐོག་བཞེངས་འབྲི་བྱེད་བཞིན་པའི་ཐང་ག

 སེམས་ཀྱི་ཉི་ཟླའི་ཐང་ག་བཞེངས་འབྲི་མཁན་གྱིས་བཞེངས་འབྲི་བྱས་པའི་ཐང་ག

ཐང་ག་སྣ་ཚོགས།

སློབ་གཉེར་བས་བཞེངས་པའི་སྒྱུ་རྩལ་ཐོན་རྫས།

གླེང་སྟེགས་ལ་ཞུགས་པའི་ཆེད་མཁས་པ་རྣམས་ཀྱི་ལྷན་ཞུགས་འདྲ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1