དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་གེ་སར་སྒྲུང་གི་འཇིམ་སྐུ་འགྲེམ་སྟོན་མཚོ་སྔོན་མགོ་ལོག་ཏུ་སྤེལ། 

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 11-17


                                                                                                                           

སྤྱི་ཟླ་11པའི་ཚེས་13ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་གེ་སར་རིག་གནས་ཐོན་ལས་ཁུལ་གྱི་གེ་སར་རིག་གནས་ཚོམས་ཁང་དུ། གསོན་ཉམས་ལྡན་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་གེ་སར་སྒྲུང་གི་འཇིམ་སྐུ་འགྲེམ་སྟོན་བྱས། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་སྟེང་ཆེས་རིང་པའི་དཔའ་བོའི་ལོ་རྒྱུས་སྒྲུང་རིང་ཞིག་ཡིན་ཞིང་། བོད་རིགས་དམངས་ཁྲོད་རིག་གནས་དང་ངག་ཐོག་གཏམ་བརྗོད་སྒྱུ་རྩལ་གྱི་ཆེས་མཐོའི་གྲུབ་འབྲས་ཤིག་ཡིན་པས། ཤར་ཕྱོགས་ཀྱི་ཧོ་མཱའི་ལོ་རྒྱུས་ཞེས་གྲགས། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གེ་སར་རིག་གནས་ཀྱི་འགོ་ཁུངས་གཙོ་བོ་ཡིན་ཏེ་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས་ཞེས་གྲགས།

                                                                                                           

རྒྱུས་ལོན་བྱས་པ་ལྟར་ན། གེ་སར་རྒྱལ་པོའི་སྒྲུང་གི་འཇིམ་སྐུ་བརྩམས་ཆོས་ལ་མ་དངུལ་དམངས་སྒོར་ཁྲི་109གཏོང་འཇོག་བྱས་ཏེ། མི་སྣ་དང་ལྗོངས་དངོས་གསར་བཟོ་4000ལྷག་བྱས་ཡོད་དེ་བསྡོམས་པས་རིང་ཚད་ལ་སྨི་56དང་ཞེང་ལ་སྨི་2 གསར་འཛུགས་དུས་ཚོད་ལོ་2རིང་འགོར་ཡོད།

གེ་སར་སྒྲུང་གི་འཇིམ་སྐུ་གསར་བཟོ་ལས་གསོན་ཉམས་དོད་པོའི་སྒོས་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་ཚེ་གང་གི་རིང་དུ་དགྲ་འདུལ་གཉེན་སྐྱོང་བྱས་ཤིང་། གླིང་གི་ཕ་ས་གཅིག་གྱུར་བྱས་ཏེ་ཡུལ་གྲུ་དེར་རང་དབང་དང་བདེ་སྐྱིད་བསྐྲུན་པའི་དཔའ་བོའི་ལོ་རྒྱུས་མངོན་པར་གསལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1