ན་གཞོན་གྱི་ལས་བཏོད་ཅེས་པའི་རྒྱལ་ཡོངས་ཀྱི་སྤོ་སྒུལ་མཉམ་སྦྲེལ་དྲྭ་བའི་བགྲོ་གླེང་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-17


        སྤྱི་ཟླ་11པའི་ཚེས་16ཉིན། ན་གཞོན་གྱི་ལས་བཏོད་ཅེས་པའི་རྒྱལ་ཡོངས་ཀྱི་སྤོ་སྒུལ་མཉམ་སྦྲེལ་དྲྭ་བའི་བགྲོ་གླེང་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས། སྤོ་སྒུལ་མཉམ་སྦྲེལ་དྲྭ་བའི་ཁྱབ་ཁོངས་ཀྱི་ལས་རིགས་སོ་སོའི་ཆེད་ལས་པ་དང་ཕུལ་བྱུང་ཁེ་ལས་པའི་འཐུས་ཚབ། ན་གཞོན་ལས་བཏོད་པའི་ཚོགས་པ་དང་ཁྲེན་ཏུའུ་ཡི་ན་གཞོན་སློབ་མ་སོགས་མི་500ལྷག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། 

        གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ན་གཞོན་གྱི་ལས་བཏོད་ཅེས་པའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལས་སྐྲུན་འགྲན་སྡུར་བྱེད་པའི་བྱེད་སྒོ་གལ་ཆེན་གཅིག་ཡིན་པ་དང་། ཁྲེན་ཏུའུ་མཐོ་གསར་ཁུལ་གྱི་སྤོ་སྒུལ་མཉམ་སྦྲེལ་དྲྭ་བའི་ལས་རིགས་ཁྲོད་ཀྱི་ཁེ་ལས་པའི་འཐུས་ཚབ་དང་ན་གཞོན་ལས་སྐྲུན་པའི་བར་གཏིང་ཟབ་པའི་སྒོ་ནས་བགྲོ་གླེང་བྱས་པའི་གོ་སྐབས་ཤིག་ཀྱང་ཡིན་པ་རེད། 
        གྲོས་ཚོགས་ཐོག་ཏུ། སི་ཁྲོན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭ་31མཉམ་གཅིག་་ཏུ་ཞུགས་པའི་ཁྲེན་ཏུའུ་ཡི་མཐོ་གསར་ཁུལ་གྱི་ན་གཞོན་སློབ་ཆེན་སློབ་མའི་མནའ་འབྲེལ་ཚོགས་པ་དངོས་སུ་བཙུགས།  ཁྲེན་ཏུའུ་མཐོ་གསར་ཁུལ་གྱི་ན་གཞོན་མནའ་འབྲེལ་ཚོགས་པའི་ཀྲུའུ་ཞི་རེན་ཆི་ཕིང་གིས་མནའ་འབྲེལ་འདི་བཙུགས་པ་ཡིས་ཁྲེན་ཏུའུ་མཐོ་གསར་ཁུལ་གྱི་ལས་སྐྲུན་བྱེད་མཁན་རྣམས་ལ་ལས་སྐྲུན་བྱེད་སའི་སྟེགས་བུ་ཞིག་དང་ཁྱོན་ཡོངས་དང་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་པར་མ་ཟད། ན་གཞོན་གྱིས་ལས་སྐྲུན་བྱེད་པའི་མནའ་འབྲེལ་རྩ་འཛུགས་སམ་ཁུངས་མི་ཞིག་ཡིན་ན། ཚང་མར་ཁྲེན་ཏུའུ་མཐོ་གསར་ཁུལ་གྱི་གསར་སྐྲུན་ལས་སྐྲུན་བྱེད་པའི་སྲིད་ཇུས་དང་ལས་རིགས་གི་ཁྲིད་སྟོན་དགེ་རྒན་གྱིས་རྒྱབ་སྐྱོར་ཐོབ་ཐུབ་ངེས་ཞེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1