ཞི་ཅིན་ཕིང་གིས་ཨི་ཐ་ལིའི་ཙུང་ལི་ལོན་ཆི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-17


        སྤྱི་ཟླ་11པའི་ཚེས་16ཉིན། ཞི་ཅིན་ཕིང་གིས་ཨི་ཐ་ལིའི་ཙུང་ལི་ལོན་ཆི་ལ་མཇལ་འཕྲད་གནང་། 
        ཞི་ཅིན་ཕིང་གིས་ཨི་ཐ་ལི་ནི་ཀྲུང་གོས་ཡོ་རོབ་མནའ་འབྲེལ་ཁྲོད་ཡིད་རྟོན་རུང་བའི་གྲོགས་པོ་བཟང་པོ་དང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨི་ཐ་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཛའ་འབྲེལ་འཕེལ་རྒྱས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཨི་ཐ་ལིའི་འབྲེལ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཨི་ཐ་ཞི་དང་མཉམ་དུ་འབད་པ་ཆེན་པོས་ཀྲུང་གོ་དང་དབྱི་ཐ་ལིའི་འཐབ་ཇུས་མཛའ་འབྲེལ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ལ།  ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་རིམ་པ་སོ་སོའི་མི་སྣའི་འགྲོ་འོང་དམ་ཟབ་ཏུ་གཏང་དགོས་པར་མ་ཟད། ཀྲུང་གོའི་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཨི་ཐ་ལིའི་འཕེལ་རྒྱས་འཐབ་ཇུས་དང་མཐུད་སྦྲེལ་བྱས་ཏེ་མི་ཆོས་བརྗེ་རེས་གཏིབ་ཟབ་དང་། རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན། 
        ལོན་ཆི་ཡིས་ཨི་ཐ་ལི་དང་ཀྲུང་གོ་ནི་ལོ་རྒྱུས་དུས་ཡུན་ཤིན་ཏུ་རིང་བའི་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཆུ་རྒྱུན་ཤིན་ཏུ་རིང་། ཨི་ཐ་ལིའི་ཕྱོགས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོན་པའི་གདེང་འཇོག་གནང་བཞིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་ཏེ་ཀྲུང་གོའི་ཕྱོགས་དང་མཉམ་དུ་བཟོ་ཚོང་དང་ནུས་ཁུངས། གསར་བཏོད། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད། དེ་མིན་ཨི་ཐ་ལིའི་ཕྱོགས་ནས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་བཏང་ནས་མཉམ་དུ་
འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་འགན་སྲུང་བྱེད་པར་འབད་པ་བྱ་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1