དཀར་མཛེས་རྫོང་གིས་དབུལ་ཕོངས་སྡེ་བ་33ལ་རིན་མེད་ཀྱི་རིག་གནས་སྒྲིག་ཆས་སྤྲད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-18


        ཉེ་ལམ། དཀར་མཛེས་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་དབུལ་ཕོངས་རྫོང་33ལ་སྒྲ་སྒམ་དང་གློག་གླད། བརྙན་འཕྲིན་འཕྲུལ་ཆས། གློག་རྡུལ་སྒྲ་སྙན། རྩལ་སྦྱོང་སྤྱོད་ཆས། རིག་གནས་ཁང་གི་སྒོ་བྱང་སོགས་སྤྱིའི་རིན་གོང་མ་དངུལ་སྒོར་ཁྲི་165ཡི་སྒྲིག་ཆས་རིན་མེད་དུ་སྤྲད། གཞན་ས་གནས་དེ་གའི་སྡེ་བའི་ལས་བྱེད་པ་དང་སྡེ་མིའི་འཐུས་མིར་གློག་གླད་དང་སྒྲ་སྒམ་གྱི་བཀོལ་སྤྱོད་བྱེད་ཐབས་ཟབ་སྦྱོང་བྱས་ཏེ་སྡེ་བ་སོ་སོས་མགྱོགས་མྱུར་ངང་སྒྲིག་ཆས་ལྷུ་སྒྲིག་དང་བཀོད་སྒྲིག བཀོལ་སྤྱོད་བྱས་ནས་རིག་གནས་བྱེད་སྒོ་ཁག་ལེགས་པོར་སྤེལ་བའི་བླང་བྱ་བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1