ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སེལ་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-18


        ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཟླ་11པའི་ཚེས་17ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་མེན་དབྱང་གྲོང་ཁྱེར་པའེ་ཁྲོན་རྫོང་ཏུ་ཕེབས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་སྒྲོག་འགྲེལ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སེལ་འགག་སྒྲོལ་བྱ་བའི་ཐད་དུ་རྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་གནང་བར་མ་ཟད། གཞི་རིམ་ལ་བསྐྱོད་དེ་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ་སྟེ། ཀྲུང་དབྱང་གི་སྲིད་དོན་གལ་ཆེན་དང་་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཐོག  གྲོང་ཁྱེར་དང་རྫོང་གིས་ལོ་ཧྲིལ་བོའི་རྣམ་གྲངས་སོ་སོའི་དམིགས་ཡུལ་ལས་འགན་ཁག་ལེགས་འགྲུབ་ཡོང་བར་ལྟ་སྐུལ་མཛུབ་སྟོན་གནང་།
        དབྱིན་ལི་ཀའེ་ཤི་གྲོང་རྡལ་ཧོང་ཡུན་སྡེ་བ་དང་ཁྲེན་ཅ་པའེ་ཡུལ་ཤོག ཆིན་ལིན་སྡེ་བ་སོགས་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་ཁྱིམ་ཏུ་ཕེབས་ནས། ཁོ་ཚོ་ལ་དགུན་ལྭ་དང་ཉལ་ཐུལ་སོགས་འཚོ་བའི་མཁོ་ཆས་བསྐྱལ་ཏེ། ཁྱིམ་ཚང་གི་ཡོང་འབབ་དང་འགྲོ་སོང་སྐོར་གྱི་གནས་ཚུལ་དང་ལྷག་པར་དུ་ཐོན་སྐྱེད་འཚོ་བའི་ཐད་འཕྲད་པའི་དཀའ་གནད་ཀྱི་སྐོར་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ས་གནས་ཀྱི་ལས་བྱེད་པའི་རོགས་བྱས་ནས་ཐག་གཅོད་བྱ་རོགས་བྱ་དགོས་པའི་མངགས་བཅོལ་གནང་བ་དང་དབུལ་ཕོངས་མང་ཚོགས་གིས་རང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་འཛུགས་སྐྲུན་བྱེད་པར་འབད་པ་བྱ་དགོས་པའི་རྟིང་སྐུལ་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1