ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་གླེང་སྟེགས་སུ་ཞུགས་པར་མ་ཟད་བརྗོད་དོན་གཏམ་བཤད་གནང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-21


                                           

སྤྱི་ཟླ་11པའི་ཚེས་19ཉིན། 2016ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་གླེང་སྟེགས་ཕེ་རུའི་རྒྱལ་ས་ལི་མ་རུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཚོགས་འདུར་ཕེབས་ཤིང་བརྗོད་དོན་ལ་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏང་དགོས།ཞེས་པའི་གཏམ་བཤད་གནང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཡིས་འཛམ་གླིང་དཔལ་འབྱོར་བསྐྱར་གསོ་ལ་སྒུལ་ཤུགས་གསར་པ་བསྐྲུན་པ་དང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་བྱུང་བར་ལམ་བུ་གསར་པ་གཏོད་དགོས། ཀྲུང་གོ་ཡིས་རང་ཉིད་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཏེ་རང་ས་གནས་ཀྱི་མི་དམངས་ལ་གོ་སྐབས་སྔར་ལས་མང་བ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

                                         

ཞི་ཅིན་ཕིང་གིས་མིག་སྔར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་གཉིས་འབྱུང་འགྱུར་འཕེལ་རྒྱས་ཀྱི་འགག་རྩའི་ལམ་མདོ་རུ་གནས་ཡོད། གོ་ལའི་དཔལ་འབྱོར་གྱི་གཞི་རྒྱ་ཆེས་ཡངས་ཤིང་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་པ་དང་། ནུས་ལྡན་མཐུན་སྦྱོར་གྱི་བྱ་སྤྱོད་སྤྱད་དེ་འཛམ་གླིང་དཔལ་འབྱོར་སླར་གསོ་ལ་སྒུལ་ཤུགས་གསར་པ་བསྣན་ཏེ་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་ལམ་བུ་གསར་པ་བསྐྲུན་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1