《བོད་ཁུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས།》ལ་2016ལོའི་ཀྲུང་གོའི་ཆེས་མཛེས་པའི་དཔེ་དེབ་ཀྱི་མཚན་སྙན་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-22



        2016ལོའི་ཀྲུང་གོའི་ཆེས་མཛེས་པའི་དཔེ་དེབ་ཀྱི་དཔྱད་འདེམ་མཇུག་འབྲས་གསལ་བསྒྲགས་བྱས། ཐེངས་འདིའི་དཔྱད་འདེམ་ལ་དཔེ་དེབ་རིགས་24ཚུད་ཡོད་ཅིང་། དེ་དག་མི་རིང་བར་འཇར་མན་གྱི་ལེ་བྷི་ཞི་གྲོང་ཁྱེར་དུ་འཁྱེར་ནས་2016ལོའི་འཛམ་གླིང་གི་ཆེས་མཛེས་པའི་དེབ་ཀྱི་དཔྱད་འདེམ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་འོད་ཟེར་ཉིན་རེའི་ཚགས་པར་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་པར་སྐྲུན་བྱས་པའི་《བོད་ཁུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས།》(སྤུས་ལེགས་དེབ།)ཞེས་པའི་པོད་གསུམ་གྱི་བདག་ཉིད་ཅན་འདི་ཉིད་ཀྲུང་གོའི་ཆེས་མཛེས་པའི་དཔེ་དེབ་ཀྱི་གྲས་སུ་ཚུད་ཡོད་པ་རེད། འདིས་ནི་ལོ་ངོ་བཅུ་ཡི་རྗེས་སུ་སི་ཁྲོན་གྱི་དཔེ་སྐྲུན་ལས་རིགས་ལ་ཡང་བསྐྱར་བླ་ན་མེད་པའི་གཟི་བརྗིད་བསྐྲུན་ཡོད། དེབ་འདིར་ད་དུང་2016ལོའི་སྐབས་67པའི་ཨ་རིའི་པར་སྐྲུན་གཟེངས་རྟགས་ཆེ་ཤོས་བྷེན་ནཱི་རྟགས་མའི་ཕུལ་བྱུང་བྱ་དགའ་ཐོབ་ཡོད།



        བོད་བརྒྱུད་ནང་བསྟན་གྱི་མཐོང་སྣེ་དེབ་གཟུགས་ཇུས་འགོད་ཀྱི་ཁྲོད་དུ་སྤྱད་པ་དང་། བཟོ་རྩལ་སྤུས་ལེགས་ཤིང་ཚགས་དམ་པ། མཐོང་ཚོར་གྱི་ཕྱོགས་ཡོངས་རང་བཞིན་ལ་མནོ་བསམ་ཞིབ་མོ་བཏང་ཡོད་པའི་དགེ་མཚན་ལྡན། དེ་བཞིན་སྤྱིའི་ཇུས་འགོད་དང་བཟོ་རྩལ་གྱིས་དེབ་འདིའི་མཛེས་དཔྱོད་དང་མྱོང་རོལ་ཀྱི་རིན་ཐང་ཆེས་ཆེར་བསྐྱེད་ཡོད་དོ། །
                                             ——གཟེངས་རྟགས་ཐོབ་པའི་དཔྱད་གཏམ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1