ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སར་ཅ་ཏོ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-22


        སྤྱི་ཟླ་11པའི་ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སར་ཨ་ཏོ་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་ཀྲུར་གོ་དང་ཕེ་རུ་ནི་ཕན་ཚུན་ལ་ཡིད་ཆེས་ཡོད་པའི་གྲོགས་པོ་བཟང་པོ་དང་མཉམ་དུ་འཕེལ་རྒྱས་སུ་ཕྱིན་པའི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་45འགོར་བའི་རིང་ལ། ཀྲུང་གོ་དང་ཕེ་རུའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་མང་ཞིང་ཆབ་སྲིད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་འགྲོ་བཞིན་ཡོད་པ་དང་། དངོས་དོན་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། མི་ཆོས་བརྗེ་རེས་ཉིན་རྒྱུན་དམ་ཟབ་ཏུ་ཕྱིན་ཞིང་ཀྲུང་གོ་དང་ཕེ་རུའི་ཁྱོན་ཡོངས་འཐབ་ཇུས་མཛའ་འབྲེལ་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་རྒྱས་པ་རེད། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་ཡོད་པ་དང་། ཕེ་རུའི་ཕྱོགས་དང་མཉམ་དུ་འབད་པ་ཆེན་པོས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་གྲུབ་འབྲས་གལ་ཆེན་ཁག་ལག་བསྟར་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ལ་འཕེལ་བར་སྐུལ་འདེད་བཏང་དང་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན།
        སར་ཅ་ཏོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཕེ་རུ་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཕེ་རུ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་འབྲེལ་བཟང་པོའི་བསམ་ཚུལ་བསྟན། ཕེ་རུའི་རྒྱལ་ཚོགས་ཀྱིས་ཕེ་རུ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྲིམས་བཙུགས་སྡེ་ཁག་གི་བརྗེ་རེས་མཉམ་འབྲེལ་ལ་ཤུགས་སྣོན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན། ཤེས་རིག་དང་ལག་རྩལ་བསྒྱུར་བཀོད། ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ཕེ་རུ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1