དཀར་མཛེས་ཁུལ་གྱིས་བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་འཚོགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།དཀར་མཛེས་གསར་འགྱུར་དྲ་བ། སྤེལ་དུས། 11-23


 

        སྤྱི་ཟླ་11པའི་ཚེས་22ཉིན་གྱི་ཕྱི་དྲོར།  དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་ལྷན་ཚོགས་དང་དཀར་མཛེས་ཁུལ་ཉིན་རེའི་ཚགས་པར་གྱི་གཙོ་སྒྲུབ་གནང་ཞིང་།  དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་དང་རིག་རྩལ་དཔྱད་བརྗོད་པའི་མཐུན་ཚོགས་ཀྱིས་འགན་སྒྲུབ་གནང་པའི་དབྱངས་འཚོ་དང་ནོན་ཚེ་རིང་། ལོ་རྒྱ་པད་མ་བཅས་ཁམས་པའི་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་ཚོགས་ཀྱི་གྲོས་ཚོགས་ཁང་དུ་འཚོགས།  

        ཚོགས་འདུ་སྟེང་རྩོམ་པ་གསུམ་གྱིས་རང་ཉིད་ཀྱི་བརྩམས་ཆོས་རྩོམ་པའི་རྒྱུན་རིམ་དང་རིག་གཞུང་གི་ཐད་ཀྱི་ངོས་འཛིན་ཐད་ནས་གླེང་མོལ་བྱས།

        དབྱངས་འཚོ་དང་ནོན་ཚེ་རིང་།  ལོ་རྒྱ་པད་མ་བཅས་བོད་རིགས་བུད་མེད་རྩོམ་པ་པོ་གསུམ་ནི་ཉེ་བའི་ལོ་འགའི་ནང་གསར་དུ་བྱུང་པའི་ཕུལ་བྱུང་རྩོམ་པ་པོ་ཡིན་ཞིང་།  ཚོགས་འདུའི་ཐོག་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་ཚོགས་རྒྱུན་ཨུ་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས་ན་གཞོན་རྩོམ་པ་པོ་གསུམ་ལ་རེ་བ་གསར་པ་བཏོན། ཤེས་རྟོགས་བྱུང་པ་ལྟར་ན།  ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་ཡུན་ནན་དང་བོད་ལྗོངས།  གཡག་རྔ་དང་དཀར་མཛེས་ཁུལ་སོགས་ཀྱི་དཔྱད་བརྗོད་པ་རྣམས་ཀྱིས་བརྩམས་པའི་དཔྱད་རྩོམ་10ལྷག་འཚོལ་སྡུད་བྱས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1