ལི་ཐང་རྫོང་གིས་དབུལ་ཕོངས་སྡེ་བ་21ལ་རིག་གནས་བྱ་འགུལ་ཁང་གི་སྒྲིག་ཆས་སྤྲད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-23


        སྤྱི་ཟླ་11པའི་ཚེས་21ཉིན། ལི་ཐང་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུས་ཀྱིས་ལྷོ་ཁམས་བྱ་འགུལ་ལྟེ་གནས་སུ་2016ལོའི་དམངས་ཕན་དབུལ་སྒྲོལ་སྡེ་བའི་རིག་གནས་བྱ་འགུལ་ཁང་གི་སྒྲིག་ཆས་སྤྲོད་པའི་མཛད་སྒོ་སྤེལ། དབུལ་ཕོངས་སྡེ་བ་ཉེར་གཅིག་གིས་སྡེ་བའི་བྱ་འགུལ་ཁང་གི་རིག་གནས་སྒྲིག་ཆས་བླངས།  སྡེ་བ་སོ་སོས་སྒྲིག་ཆས་དེ་དག་རྒྱུན་ལྡན་ངང་བཀོལ་སྤྱོད་བྱས་ཏེ་རིག་གནས་དང་སློབ་གསོ། ཚན་རྩལ་ཁྱབ་གདལ་སོགས་དང་རོང་འབྲོག་མང་ཚོགས་ཀྱིས་ཤེས་བྱ་དང་འབྱོར་བ། བདེ་སྐྱིད་བསྙེགས་པའི་རེ་བ་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཉིས་མཉམ་དུ་སྦྲེལ་ཏེ་མང་ཚོགས་རྣམས་ལ་སྔར་ལས་མང་པོའི་ཤེས་བྱ་དང་བློ་སྒོ་འབྱེད་པར་རོགས་འདེགས་བྱ་དགོས་པའི་བླང་བྱ་བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1