རང་ལྗོངས་ཀྱིས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ།

བློ་གྲོས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 11-23


        ཉེ་བའི་ལོར།  བོད་ལྗོངས་ཀྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏང་རྒྱུ་དང་ལས་རིགས་སློབ་གསོ་བསྒྱུར་བཅོས་གསར་གཏོད་བྱ་རྒྱུ།  ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་གཏང་རྒྱུ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་།  ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་རིག་གནས་སློབ་སྦྱོང་དང་རྩལ་ནུས་སྦྱོང་རྒྱུ།  འདུ་ཤེས་འགྱུར་ཞིང་དུས་བབ་ལ་བསྟུན་རྒྱུ།  ལས་གནས་འཚོལ་རྒྱུ་དང་སྔ་ཙམ་ལས་ཞུགས་ཐུབ་པ་བྱ་རྒྱུ་བཅས་ཀྱི་སློབ་གཉེར་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།  སློབ་མ་ཚོར་ཉེར་སྤྱོད་ཀྱི་ཤེས་བྱ་སློབ་ནས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་བྱས་ཐོག་སློབ་མ་རྣམས་བདེ་བླག་ངང་ལས་ཞུགས་ཐུབ་རྒྱུ་འགན་སྲུང་བྱེད་བཞིན་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1