ཞི་ཅིན་ཕིང་གིས་ཕེ་རུའི་སྲིད་འཛིན་ཁོའུ་ཆིན་སི་ཆི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-23


        སྤྱི་ཟླ་11པའི་ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཕེ་རུའི་སྲིད་འཛིན་ཁོའུ་ཆིན་སི་ཆི་དང་གྲོས་མོལ་མཛད།
        ཞི་ཅིན་ཕིང་གིས་ཕེ་རུ་ཡིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བཞི་བ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། གྲོས་ཚོགས་ནས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་པ་དེས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཡུན་རིང་འཕེལ་རྒྱས་དང་མཉམ་དུ་དར་རྒྱས་སུ་ཕྱིན་པར་སྟོབས་ཤུགས་གསར་པ་བསྣན་ཞིང་། འདིས་ནི་ཕེ་རུ་ཡི་བྱས་རྗེས་དང་ལཱ་ཏེན་མེ་གླིང་གི་བློ་གྲོས་མཚོན། ཀྲུང་གོའི་ཕྱོགས་ནས་ཕེ་རུ་དང་ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ་མུ་མཐུད་དུ་ཐུན་མོང་གི་ངོས་འཛིན་ལག་བསྟར་བྱས་ཏེ་རྒྱུན་ཆད་མེད་པར་ཡོ་རོབ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་སྒོ་འབྱེད་རང་བཞིན་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་གསར་སྐྲུན་བྱས་ནས་ཡོ་རོབ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཅེས་བསྟན། 
        ཁོའུ་ཆིན་སི་ཆི་ཡིས་དེང་སྐབས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཛའ་འབྲེལ་མུ་མཐུད་དུ་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་བཟོ་ཚོང་དང་མི་ཆོས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་འཕེལ་རྒྱས་ལ་མདུན་ལྗོངས་ཆེན་པོ་འདུག ཕེ་རུའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རང་དབང་བཟོ་ཚོང་གི་ཇུས་ཆོད་རིམ་འཕར་ལ་སྐུལ་འདེད་དང་ཀྲུང་གོའི་ལས་ཁེ་མང་པོས་ཕེ་རུའི་གཏེར་ཁུངས་དང་ནུས་ཁུངས། ཆུ་གློག འགྲིམ་འགྲུལ། རྨང་གཞིའི་སྒྲིག་བཀོད་སོགས་ལ་མ་དངུལ་བཞག་ནས་ཕེ་རུའི་མཉམ་སྦྲེལ་མཉམ་འབྲེལ་གྱི་འཛུགས་སྐྲུན་ལ་ཟབ་ཞུགས་བྱེད་པར་དགའ་བསུ་ཞུ་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1