ལོ་ངོ་དུང་ཕྱུར་45.6ཟིན་པའི་སྐར་རྡོ་ཞིག་ཨོ་སི་ཐྲ་ལི་ཡའི་ཞིང་ར་ཞིག་ཏུ་ལྷུང་།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-24


        སྤྱི་ཟླ་11པའི་ཚེས་22ཉིན། ཨོ་སི་ཐྲ་ལི་ཡ་ཡི་གསར་འགྱུར་དྲ་བ་ལས་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ10པའི་ཚེས་31ཉིན་གྱི་དགོང་མོའི་ཆུ་ཚོད་8པའི་སྐར་མ་བཞིའི་སྟེང་། སྐར་རྡོ་ཞིག་མོ་ལ་ཝ་ཉེ་འགྲམ་དུ་ལྷུང་། དེའི་ལྗིད་ཚད་ལ་སྤྱི་རྒྱ་1.15ཡོད་པ་དང་ཚིག་སྟེ་སོ་ཕག་ལྟར་གྱུར་འདུག་པ་རེད། ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན་དེ་ལ་ལོ་ངོ་དུང་ཕྱུར་45.6ཡི་ལོ་རྒྱུས་ལྡན་པ་དང་། སའི་གོ་ལའི་རླུང་ཆེན་བང་རིམ་མ་བརྒལ་བའི་སྔོན་གྱི་བོངས་ཚད་ད་ལྟ་དང་བསྡུར་ན་ལྡབ་50ནས་100ལས་ཆེ་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1