ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་བརྩེ་སེམས་མཚོན་པའི་རིན་མེད་འོས་འགན་སྨན་བཅོས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

བློ་གྲོས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 11-25


        ཀོང་པོའི་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་བརྩེ་སེམས་མཚོན་པའི་འོས་འགན་སྨན་བཅོས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།  བྲག་ཡིབ་ཆུས་གྲོང་ཁུལ་སྲང་ལམ་དོན་གཅོད་ཁྲུའི་རྨང་བརྟན་གཞུང་ལས་ཁང་དང་བྲག་ཡིབ་ཆུས་གཉིས་བཀུར་ལམ་སྡེ་ཁུལ་གྲོང་ལྷན་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི།  གཉིས་བཀུར་ལམ་སྡེ་ཁུལ་གྲོང་ལྷན་དུ་བཅའ་སྡོད་བྱས་པའི་བྲག་ཡིབ་ཆུས་དྲིལ་བསྒྲགས་པུའུ་དང་རིག་གནས་རླུང་འཕྲིན་ཅུད་ཀྱི་དུས་ཁག་ལྔ་པའི་ལས་དོན་རུ་ཁག  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཅིས་མིང་སྨན་ཁང་གི་ལས་དོན་མི་སྣ་བཅས་ཀྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྒན་གསོ་ཁང་དུ་ཕྱིན་ཏེ། རྒན་རྒོན་61གི་གཟུགས་པོར་བརྟག་དཔྱད་བྱས་པ་དང་།  དང་བླངས་པའི་སྤྲོ་སེམས་འཁོལ་བའི་ཞབས་ཞུས་རྒན་རྒོན་ཚོའི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1