དཀར་མཛེས་ཁུལ་གྱིས་ཚད་མཐུན་མིན་པའི་ཟས་རིགས་དང་སྨན་རྫས་ལ་ཞིབ་དཔྱད་བྱེད་པའི་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 11-28


        འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་དང་འཛད་སྤྱོད་བདེ་འཇགས་ལ་འགན་སྲུང་བྱ་ཆེད།  དཀར་མཛེས་ཁུལ་གྱི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚད་མཐུན་མིན་པའི་ཟས་རིགས་དང་སྨན་རྫས་ལ་ཞིབ་དཔྱད་བྱེད་པའི་བྱེད་སྒོ་སྤེལ། 
         ཐོན་སྐྱེད་དང་བདག་གཉེར་བརྒྱུད་རིམ་ཁྲོད་ཁྲིམས་དང་འགལ་པའི་སྨན་རྫས་སྡེབ་པ་དང་།  ཁྱབ་བསྒྲགས་ཀྱི་གོ་རིམ་ཁྲོད་དངོས་དོན་དང་མི་མཐུན་པའི་རྫུན་བཟོའི་ཁྱབ་བསྒྲགས་སོགས་ལ་ཞིབ་བཤེར་བྱས།
        ཞིབ་དཔྱད་ཀྱི་ཁྲོད་དུ་ཚད་མཐུན་མིན་པའི་ཐོན་རྫས་མཐོང་དུས་ས་གནས་ཁག་གི་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་ལྟར་ཚད་ལྡན་མིན་པའི་གྲངས་འབོར་དང་རྒྱུ་རྐྱེན་སོགས་ལ་ཞིབ་དཔྱད་ནས་བྱེད་ཐབས་སྒྲིག་བཟོ་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1