ལི་རྫོང་མང་ཚོགས་ཀྱི་དགའ་སྤྲོའི་ངང་དམངས་སྲོལ་དུས་ཆེན་ལ་རོལ་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-28


           ཉེ་ཆར། 2016ལོའི་སི་ཁྲོན་ལོ་མ་དམར་པོའི་སྐྱེ་ཁམས་ཡུལ་སྐོར་དུས་ཆེན་ལི་རྫོང་མྱག་ལོ་གྲོང་བརྡལ་ནས་གཉེར་འགོ་ཚུགས་པ་དང་དུས་ཆེན་དེ་ནི་ས་ཁུལ་དེའི་རྒྱལ་རོང་བོད་རིགས་ཚོའི་སྲོལ་རྒྱུན་དུས་སྟོན་ཞིག་ཡིན་པའི་ཆ་ནས། ལོ་ངོ་ལྔ་ཡི་རིང་ལ་བསྟུན་མར་དུས་སྟོན་བྱེད་སྒོ་སྤེལ་བ་དེས་ལི་རྫོང་གི་སྐྱེ་དངོས་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་ཀྱི་རྫོང་སྟུག་པའི་རྒྱལ་རོང་གི་བོད་མི་རིགས་ཀྱི་རིག་གནས་ཕྱོགས་མང་པོའི་ཐད་ནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བྱས་ཡོད་པར་མ་ཟད། ལི་རྫོང་གི་ཆུ་ཁོལ་དང་ལོ་མ་དམར་པོའི་སྤུས་རྟགས་འཐུས་སྒོ་ཇེ་ཚང་དུ་བཏང་། དེ་ལས་ལི་རྫོང་གི་ཡུལ་སྐོར་གྱི་མིང་གྲགས་དང་མཚན་སྙན་སྔར་ལས་རྒྱས་པར་ནུས་པ་ཆེན་པོ་ཐོན་པ་རེད།། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1