བོད་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་གཉེར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-29


        སྤྱི་ཟླ་11ཚེས་26ཉིན། ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་འགོ་བརྩམས་ཤིང་། འདི་ཡང་བོད་རང་སྐྱོང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་གཉེར་བ་རེད། ཉིན་དེར། ལྷ་ས་གྲོང་ཁྱེར་གྱི་ཆུས་དང་རྫོང་ཁག གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས། དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་ནས་ཡོང་བའི་འཐུས་ཚབ་རུ་ཁག་10ཡི་མི་300ལྷག་འགྲན་བསྡུར་ནང་ཞུགས། ལུས་རྩལ་འགྲན་ཚོགས་ལ་མཆོངས་རྒྱུག་འཕེན་གསུམ་གྱི་རིགས་དང་། སྤྲོ་སྣང་སྐྱེ་བའི་རིགས། མི་རིགས་ཀྱི་རིགས་བཅས་རིགས་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད་ཅིང་། དེ་དག་གི་ཁྲོད་དུ་རྒྱུག་ཤར་འགྲན་བསྡུར་དང་། རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོ་འགྲན་བསྡུར། ཀེ་རེམ་འགྲན་བསྡུར་སོགས་རྣམ་གྲངས་15ཡོད་པ་རེད། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཧོང་ཅན་གོ་ཡིས་“དབང་བོ་སྐྱོན་ཅན་ཚོར་སྡོད་ཁང་དང་ཟས་གོས་སོགས་ངེས་པར་དུ་མཁོ་བ་མ་ཟད། བསམ་པའི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་དེ་བས་ཀྱང་མཁོ་ཞིང་། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་རིག་གནས་དང་ལུས་རྩལ་ལས་འགུལ་གོང་དུ་སྤེལ་བར་རྨང་གཞི་ལེགས་པོ་ཞིག་འདིང་ངེས་རེད་”ཅེས་མཚམས་སྦྱོར་བྱས།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1