དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་ཞིང་བ་རེའི་ཆ་སྙོམས་ཡོང་འབབ་སྒོར་411འཕར།

ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-29


        ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ་རང་རེའི་ཞིང་ཆེན་གྱི་ཡུལ་ཤོག་དང་གྲོང་གསེབ་ཀྱི་ཡུལ་སྐོར་སྤྱིའི་ཡོང་འབབ་དེ་སྒོར་དུང་ཕྱུར་1535ཟིན་པ་དང་། དུས་མཉམ་ལས་20.96%འཕར། ན་ནིང་གི་དུས་མཉམ་ལས་སྒོར་དུང་ཕྱུར་266འཕར་སྣོན་ཕྱིན་པས། ཞིང་ཆེན་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོངས་འབབ་ཐོག་སྒོར་411འཕར་བ་རེད། དེ་མིན་ཆིན་པ་རུ་ཁུལ་དང་ཝུའུ་མོང་རི་ཁུལ། ལའང་ཧྲན་ཆེ་ཆུང་དབྱི་རིགས་ས་ཁུལ། མཐོ་སྒང་བོད་ཁུལ་བཅས་ས་ཁུལ་ཆེན་མོ་བཞི་རུ་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་2927.75མངོན་འགྱུར་བྱུང་བ་དང་། དུས་མཉམ་ལས་20%འཕར་ཏེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་གྱི་སྤྱིའི་བསྡོམས་གྲངས་ཀྱིས་47.5%ཟིན་པ་རེད། 
        རང་རེའི་ཞིང་ཆེན་གྱི་དབུལ་ཕོངས་མང་ཚོགས་མང་ཆེ་བ་ནི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དུ་གནས་པ་དང་། ལྷག་པར་དུ་ས་ཁུལ་ཆེན་མོ་བཞི་ཡི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་རེད།
        སི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཡུལ་སྐོར་གྱིས་དབུལ་སྐྱོར་བྱེད་པའི་ཆེད་དོན་འཆར་འགོད་ཀྱི་བླང་བྱ་ལྟར། རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་་ཡུལ་སྐོར་གྱིས་དབུལ་སྐྱོར་བྱེད་པའི་ལག་བསྟར་འཆར་འགོད་དང་རང་རེའི་ཞིང་ཆེན་གྱི་ཡུལ་སྐོར་གྱི་དབུལ་སྐྱོར་བྱེད་པའི་སྤྱིའི་འཆར་འགོད་ཀྱི་བྱ་བའི་བཀོད་སྒྲིག་དང་ཟུང་ཏུ་འབྲེལ་ནས། རང་རེའི་ཞིང་ཆེན་གྱི་ཡུལ་སྐོར་ཐོན་ཁུངས་གསར་སྦོལ་བྱེད་པར་མཐོང་ཆེན་བྱས་ཏེ། ཡུལ་སྐོར་གྱིས་དབུལ་སྐྱོར་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏང་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1