ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་བསྐོས་དྲུང་ཡིག་ཆེན་མོ་ཀུའོ་ཐི་ལི་སི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-29



        སྤྱི་ཟླ་11པའི་ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་བསྐོས་དྲུང་ཡིག་ཆེན་མོ་ཀུའོ་ཐི་ལི་སི་ལ་མཇལ་འཕྲད་གནང་། 

        ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱས་ནས་ལོ་འཁོར་45ལོན་པའི་ལོ་ཡིན་ལ། ལོ་ངོ་45རིང་ལ། མཐོ་རིམ་འགོ་ཁྲིད་པས་འགྲོ་འོང་དང་འབྲེལ་འདྲིས་དམ་ཟབ་ཏུ་བཏང་ཞིང་འཐབ་ཇུས་འབྲེལ་འདྲིས་དང་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཤུགས་སྣོན་བྱས། ཀྲུང་གོའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་གྲུབ་འབྲས་བཟང་བོ་བླངས་ཤིང་། ཀྲུང་གོ་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྲོད་དུ་ཟབ་ཞུགས་དང་རྒྱབ་སྐྱོར་བྱེད་སྲིད་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་ཡིན་ཞེས་བསྟན། 
        ཀུའོ་ཐི་ལི་སི་ཡིས་ཀྲུང་གོའི་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འོས་འགན་ལག་བསྟར་བྱེད་པར་རྒྱབ་སྐྱོར་ཆེན་པོ་གནང་པར་བཀའ་དྲིན་ཞུས། དེང་སྐབས་འཛམ་གླིང་ཡོངས་སུ་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་དང་སྣ་མང་རིང་ལུགས་ཀྱི་ཐད་ལ་ཕན་ནུས་འདོན་མཁན་གཙོ་བོར་གྱུར་ཡོད་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བདུན་ཅུ་ལོན་པའི་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་སྐབས་སུ་ཀྲུང་གོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་དགོངས་འཆར་དང་བློ་བརྟན་འགྱུར་མེད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པར་ཕན་ནུས་གལ་ཆེན་ལྡན་པ་རེད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1