མཚོ་སྔོན་མགོ་ལོག་བོད་རིགས་ཟློས་གར་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཧྲང་ཧའེ་ཡི་འགྲེམ་སྟོན་ཚོགས་ཆེན་ཐོག་འཁྲབ་སྟོན་བྱས་པ།

རྣམ་དཀར་ལྷ་མོ་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 11-30


         སྤྱི་ཟླ་11པའི་ཚེས་26ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ལྷ་གྲུབ་ཇོ་རུ་སྒྱུ་རྩལ་ཚོགས་པས་2016ལོའི་ཧྲང་ཧའེ་རྒྱལ་སྤྱིའི་ལག་བཟོས་དངོས་མང་འགྲེམ་སྟོན་ཚོགས་ཆེན་ཐོག་ཆེད་དོན་འཁྲབ་སྟོན་བྱས།

        ཐེངས་འདིའི་ཆེད་དོན་འཁྲབ་སྟོན་ནི་མགོ་ལོག་ཁུལ་གྱིས་རྩ་འཛུགས་བྱས་པའི་སྐབས་གཉིས་པའི་ཧྲང་ཧའེ་རྒྱལ་སྤྱིའི་ལག་བཟོས་དངོས་མང་འགྲེམ་སྟོན་ཚོགས་ཆེན་དུ་ཞུགས་པའི་མུ་འབྲེལ་འགྲེམ་སྟོན་བྱེད་སྒོའི་ནང་གསེས་ཤིག་ཡིན་ཞིང་། འཁྲབ་སྟོན་གྱི་ནང་དོན་ལ་གེ་སར་རིག་གནས་དང་སྲོལ་རྒྱུན་དམངས་ཁྲོད་རིག་གནས། དམངས་ཁྲོད་གླུ་གཞས་སོགས་ཀྱི་རྣམ་པའི་སྒོ་ནས་ལྟད་མོ་བ་རྣམས་ལ་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱི་གསོལ་སྟོན་ཞིག་ཕུལ་བ་རེད།

        རྒྱུས་ལོན་བྱས་པ་ལྟར་ན། དར་ལག་རྫོང་གི་ལྷ་གྲུབ་ཇོ་རུ་སྒྱུ་རྩལ་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཙུགས་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཞིག་ཡིན། ཁོངས་མི་རྣམས་ནི་རྫོང་དེ་གའི་གཞི་རིམ་ཞིང་འབྲོག་མང་ཚོགས་དང་ལས་སྒུག་ན་གཞོན་སོགས་ཡིན་ཏེ། ལོ་སྔོན་མར་ཚོགས་པ་བཙུགས་པ་ནས་བཟུང་ཐེངས་མང་པོར་ཞིང་ཆེན་ནང་ཁུལ་དང་ས་གནས་གཞན་དུ་རིག་གནས་བྱེད་སྒོ་སྤེལ། ཐུན་མིན་གྱི་ས་ཁོངས་རིག་གནས་ཁྱད་ཆོས་དང་བབ་ཆགས་ཀྱི་འཁྲབ་སྟོན་ལས་ལྟད་མོ་བ་རྣམས་ཀྱི་བསྟོད་བསྔགས་ཆེན་པོ་ཐོབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1