ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ སྤེལ་དུས། 12-01


        སྤྱི་ཟླ་11པའི་ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གོ་ཐོབ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཡིག་ཆ་དང་། 《ཀྲུང་གོ་གུང་ཁྲན་ཏང་བྱ་བའི་ལས་ཁུངས་ཀྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར།)》《རྫོང་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྐོར་གྱི་གཏན་འཁེལ་འགའ།》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད། 
        གྲོས་ཚོགས་ལས།  ཏང་གི་བྱ་བའི་ལས་ཁུངས་ནི་ཏང་གིས་ཆབ་སྲིད་དང་བསམ་བློ། རྩ་འཛུགས་འགོ་ཁྲིད་ལག་བསྟར་བྱེད་པའི་ཆབ་སྲིད་ལས་ཁུངས་ཡིན་པ་དང་། ཏང་ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོས་ཏང་ཨུ་ཡི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན། ཏང་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ལས་ཁུངས་ཡིན། གནས་བབ་གསར་པའི་འོག་ཏུ་ང་ཚོ་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་གང་མང་ལྡན་པའི་རླབས་ཆེན་འཐབ་རྩོད་སྔར་ལས་ལག་བསྟར་བྱེད་པ་དང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཏང་གི་བྱ་བའི་ལས་ཁུངས་ཀྱི་བྱ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏང་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་མཐོ་ཚད་ནས་ཏང་གི་བྱ་བའི་ལས་ཁུངས་ཀྱི་བྱ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་གསལ་བོར་ཤེས་དགོས་པ་དང་། ཏང་གི་བྱ་བའི་ལས་ཁུངས་འཛུགས་སྐྲུན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་སྟེ་སྲོལ་ཡིག་ནང་གི་རེ་བ་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཞེས་བསྟན།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1