དཀར་མཛེས་་ཁུལ་གྱིས་ཨེ་འགོག་ཤེས་བྱ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-02


        སྤྱི་ཟླ12པའི་ཚེས་1ཉིན་ཏེ། སྐབས་29པའི“འཛམ་གླིང་གི་ཨེ་ཙེ་ནད་ཀྱི་ཉིན་མོ།”ལ།  དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་བ་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགན་སྒྲིག་གནང་པའི“མཉམ་དུ་ཨེ་ཙེ་སྔོན་འགོག་བྱེད”ཞེས་པའི“འཛམ་གླིང་གི་ཨེ་ཙེ་ནད་ཀྱི་ཉིན་མོ་”ཡི་དྲིལ་བསྒྲགས་བྱེད་སྒོ་དང་སྤྱི་ཕན་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ཐང་ཆེན་ཏུ་སྤེལ།
        ཐེངས་འདིའི་བྱེད་སྒོ་ནི་རིག་རྩལ་འཁྲབ་སྟོན་དང་འབྲེལ་ཡོད་ཤེས་བྱ་སྒྲོག་འབྲེལ། དྲིལ་བསྒྲགས་ཡིག་ཆ་འགྲེམ་སྤེལ་སོགས་ཀྱི་བྱེད་སྒོ་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་ཨེ་ཙེ་ནད་ཀྱི་སྔོན་འགོག་ཤེས་བྱ་དང་སྔོན་འགོག་གི་གལ་ཆེན་རང་བཞིན་རྟོགས་སུ་བཅུག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1