ཀྲུང་དབྱང་དམག་ཨུའི་དམག་དཔུང་གི་གཞི་ཁྱོན་དང་སྒྲིག་གཞི། སྟོབས་ཤུགས་བཅས་ཀྱི་སྒྲིག་གྲུབ་བཅོས་སྒྱུར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-05


        སྤྱི་ཟླ་12པའི་ཚེས་2ཉིན་ནས་ཚེས་3བར། ཀྲུང་དབྱང་དམག་ཨུའི་དམག་དཔུང་གི་གཞི་ཁྱོན་དང་སྒྲིག་གཞི། སྟོབས་ཤུགས་བཅས་ཀྱི་སྒྲིག་གྲུབ་བཅོས་སྒྱུར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་དམག་དཔུང་གི་གཞི་ཁྱོན་དང་སྒྲིག་གཞི། སྟོབས་ཤུགས་བཅས་སྒྲིག་གྲུབ་བཅོས་སྒྱུར་བྱེད་པ་ནི་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རང་རེའི་དམག་དཔུང་རྩ་འཛུགས་ཀྱི་རྣམ་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་འཛུགས་སྐྲུན་བྱེད་པའི་གནད་འགག་གི་བྱ་བ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་ཕུལ་བྱུང་དམག་དཔུང་འཛུགས་སྐྲུན་བྱེད་པར་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་ཀྱང་ཡིན་པས། དམག་དཔུང་ཡོངས་ཀྱིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་གོ་སྐབས་དམ་འཛིན་བྱེད་པ་དང་། བབ་བསྟུན་མདུན་སྐྱོད་བྱས་ནས། བཅོས་སྒྱུར་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། གཞི་ཁྱོན་དང་སྒྲིག་གཞི། སྟོབས་ཤུགས་བཅས་ཀྱི་སྒྲིག་གྲུབ་བཅོས་སྒྱུར་བྱ་བ་བཟང་བོར་བསྒྲུབས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བགྲོད་ལམ་སྟེང་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་བྱེད་པ་དང་། རྣམ་པ་གསར་པའི་ཚུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་བྱ་དགོས་ཞེས་ནན་གྱིས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1