གཙོ་ངོས།>> སི་ཁྲོན་བོད་ཁུལ།>>རྔ་བ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་མི་རིགས་ཆོས་ལུགས་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༢ཚེས་༠༥ཉིན།

རྔ་བ་ཁུལ་གྱི་བོད་ཆའང་རིག་གནས་དམངས་སྲོལ་འགྲེམ་སྟོན་ཀྲེ་ཅང་ཧང་ཀྲུའུ་གྲོང་ཁྱེར་དུ་སྤེལ།

        སྤྱི་ཟླ་12པའི་ཚེས་2ཉིན། རིག་གནས་པུའུ་ཡི་དཔྱིད་ཆར་ལས་གཞི་ཞེས་པའི་2016ལོའི་ཀྲེ་ཅང་དང་རྔ་བའི་མཉམ་ལས་རྣམ་གྲངས་ཏེ། རྔ་བ་ཁུལ་གྱི་བོད་ཆའང་རིག་གནས་དམས་སྲོལ་འགྲེམ་སྟོན་བྱེད་སྒོ་ཀྲེ་ཅང་ཧང་ཀྲུའུ་གྲོང་ཁྱེར་ཞི་ཧུའུ་འགྲེམ་སྟོན་ཚོགས་ཆེན་གྱི་དངོས་མང་འགྲེམ་སྟོན་ཁང་དུ་སྤེལ་འགོ་ཚུགས། ཧང་ཀྲུའུ་གྲོང་མི་ཞིང་ཆེན་ནང་ཁུལ་ནས་སི་ཁྲོན་རྔ་བའི་རང་བྱུང་ལྗོངས་ཁུལ་དང་བོད་ཆའང་རིག་གནས་ལ་རོལ་མྱོང་བྱས་པ་རེད།

        འགོ་ཚུགས་པའི་མཛད་སྒོའི་སྟེང་། སི་ཁྲོན་རྔ་བ་ཁུལ་རིག་གནས་ཁང་གི་འགན་འཛིན་པ་འོད་མ་ཐར་གྱིས་ཐེངས་འདིའི་བོད་ཆའང་རིག་གནས་དམངས་སྲོལ་འགྲེམ་སྟོན་ལ་མཚམས་སྦྱོར་མདོར་བསྡུས་ཤིག་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་འགྲེམ་སྟོན་གྱི་དམིགས་ཡུལ་ནི་ས་ཁོངས་ཁྱད་ལྡན་གྱི་བོད་ཆའང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིནདང་དར་སྤེལ་བྱེད་པ་དང་། ཧང་ཀྲུའུ་གྲོང་མིར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཐུན་མིན་དམངས་སྲོལ་གོམས་གཤིས་དང་ཁྱད་དུ་འཕགས་པའི་གཟི་རྩ་སྡེ་དགུ་དང་སི་ཁྲོན་ནུབ་བྱང་གི་རྩྭ་ཐང་ཆེན་མོ། སྐུ་བླ་རི་བོ་སོགས་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་ཏེ། ཡུལ་གྲུ་ཀུན་གྱིས་རྔ་བ་ལ་རྒྱུས་ལོན་ངོ་ཤེས་བྱེད་པ་དང་རྔ་བ་རུ་ཕེབས་པར་དགའ་བསུ་ཞུ།

        རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཐོག་རྔ་བ་ཁུལ་གྱི་ཕུལ་བྱུང་ཐང་ག་བརྩམས་ཆོས་10དང་། ཆའང་རིགས་འཚེམ་དྲུབ་བརྩམས་ཆོས་15 བོད་ཆའང་དམངས་སྲོལ་དང་རང་བྱུང་ལྗོངས་ཁུལ་གྱི་པར་ལེན་བརྩམས་ཆོས་45བཅས་འགྲེམས་སྟོན་བྱས་ཤིང་། ཉིན་6རིང་རིན་མེད་སྒོས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་པར་སྒོ་ཕྱེ་རྒྱུ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1