ཞལ་ཐང་རྩེ་གྲས་འགྲེམ་སྟོན་གྱིས་ལྷ་སའི་གྲོང་མིའི་ཡིད་དབང་འགུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-06


        ཉེ་ཆར། ལྷ་ས་གྲོང་ཁྱེར་དུ་གཉེར་བའི་བོད་ལྗོངས་ཀྱི་ཞལ་ཐང་རྩེ་གྲས་འགྲེམ་སྟོན་སྐབས་གསུམ་པ་སྤེལ་ཞིང་ལྟད་མོ་བ་མང་པོ་འགྲེམ་སྟོན་ཡུལ་དངོས་སུ་ཡོང་ནས་ཞལ་ཐང་འགྲེམ་སྟོན་ལ་གཟིགས། ཐེངས་འདིའི་ཞལ་ཐང་འགྲེམ་སྟོན་དུ་ཞུགས་པའི་ཞལ་ཐང་བརྩམས་ཆོས་བོད་རང་སྐྱོང་ལྗོངས་ཀྱི་ཞལ་ཐང་འབྲི་རྒྱུན་ཁག་ཚང་མའི་ཞལ་ཐང་ཡོད་ཅིང་། བསྡོམས་པས་ཞལ་ཐང་སྒྱུ་རྩལ་པ་56གིས་བཞེངས་པའི་ཞལ་ཐང་108འགྲེམ་སྟོན་བྱས་པ་རེད། ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་རི་མོའི་སྒྱུ་རྩལ་གྱི་རྣམ་པའི་ཁྱད་ཆོས་དམིགས་བསལ་ལྡན་པ་ཞིག་ཡིན་པ་དང་། བརྗོད་གཞིའི་ནང་དོན་དུ་བོད་ཀྱི་ནང་བསྟན་དང་། ལོ་རྒྱུས། རིག་གནས། སྤྱི་ཚོགས་ཀྱི་འཚོ་བ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས། བོད་ཀྱི་“ཤེས་བྱ་ཀུན་བཏུས་ཆེ་མོ་”ཞེས་འབོད་ཀྱིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1