ཕྱག་ཕྲེང་རྫོང་གིས་12·4རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་བསྒྲགས་ཉིན་མོར་ཁྲིམས་བསྒྲགས་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-06


        སྤྱི་ཟླ12པའི་ཚེས་4ཉིན།  ཕྱག་ཕྲེང་རྫོང་གིས་ཤམ་བྷ་ལ་ཐང་ཆེན་དུ་12·4རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་བསྒྲགས་ཉིན་མོར་ཁྲིམས་བསྒྲགས་བྱེད་སྒོ་སྤེལ།

        ད་ལོའི་12·4ཁྲིམས་བསྒྲགས་བྱེད་སྒོ་ནི་གཙོ་བོ་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་བསྒྲགས་བྱེད་སྒོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྟོན་དུ་བཟུང་ནས།མི་དམངས་མང་ཚོགས་ལ་ཁྲིམས་ལུགས་དང་རྩ་ཁྲིམས་སོགས་ཀྱི་ཤེས་བྱ་ཁྱབ་བསྒྲགས་བྱས།    བྱེད་སྒོ་ཁྲོད་ལས་བྱེད་པ་རྣམས་ཀྱིས་ཐང་ཆེན་དུ་རང་ཉིད་ཀྱི་ལས་དོན་དང་བསྟུན་ནས་མི་དམངས་མང་ཚོགས་ལ་《རྩ་ཁྲིམས》ཀྱི་ཁྲིམས་ལུགས་ཤེས་བྱ་འགྲེལ་བཤད་བྱས།  ཡིག་ཆ་དང་པར་རིས་སྣ་ཚོགས་འགྲེམ་སྤེལ་བྱེད་པའི་སྒོ་ནས་རྩ་ཁྲིམས་དང་སྲིད་འཛིན། བཅའ་ཁྲིམས། དེ་མིན་ངལ་རྩོལ་ལས་ཞུགས་དང་སྨན་བཅོས་འཕྲོད་བསྟེན། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་ཁྲིམས་ལུགས་ཤེས་བྱ་ཁྱབ་བསྒྲགས་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1