ཕྱག་ཕྲེང་ནས་ཉི་སྟེན་གནམ་གྲུ་ཐང་བར་འགྲུལ་སྐྱེལ་རླངས་འཁོར་གཏོང་འགོ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-08


        སྤྱི་ཟླ་11པའི་ཚེས་29ཉིན། ཕྱག་ཕྲེང་རྫོང་གིས་ཕྱག་ཕྲེང་ནས་འདབ་པའི་ཉི་སྟེན་གནམ་གྲུ་ཐང་བར་གྱི་འགྲུལ་སྐྱེལ་རླངས་འཁོར་དངོས་སུ་གཏོང་འགོ་བཙུགས་ཤིང་། རྫོང་དེ་ནས་ཉི་སྟེན་གནམ་གྲུ་ཐང་བར་གྱི་འགྲུལ་སྐྱེལ་རླངས་འཁོར་མེད་པའི་སྟོང་ཆ་ཁ་སྐོང་པ་ཆབས་ཅིག་ཡུལ་དེ་གའི་མང་ཚོགས་ཀྱི་འགྲོ་འོང་སྟབས་ཇེ་བདེར་བཏང་བ་རེད།
        2013ལོའི་ཟླ་བ་9པའི་ཚེས་16ཉིན་ལ་འདབ་པའི་ཉི་སྟེན་གནམ་གྲུ་ཐང་དུ་གནམ་གྲུ་འཕུར་འགོ་ཚུགས་པ་བཟུང་། འདབ་པའི་ཉི་སྟེན་གནམ་གྲུ་ཐང་ནས་རྒྱང་ཐག་སྤྱི་ལེ་105ལས་མེད་པའི་ཕྱག་ཕྲེང་རྫོང་དུ་འགྲུལ་སྐྱེལ་རླངས་འཁོར་མེད་པའི་རྐྱེན་གྱིས་མང་ཚོགས་འདབ་པའི་གནམ་གྲུ་ཐང་ཕྱིན་དགོས་ན་རིན་གོང་མཐོ་བར་མ་ཟད་སྟབས་མི་བདེ་བ་རེད།  རྫོང་དེའི་ཤམ་བྷ་ལ་གྲོང་རྡལ་གྱི་ཡུལ་མི་ལྷ་མོས་དགའ་སྤྲོས་ཁེངས་ནས་འགྲུལ་སྐྱེལ་རླངས་འཁོར་གཏོང་འགོ་བཙུགས་པ་ནས་བཟུང་ལམ་བར་འགྲོ་འོང་སྟབས་མི་བདེ་བའི་གནས་ཚུལ་དེ་དག་ཐག་གཅོད་ཐུབ་པར་མ་ཟད། ང་དང་འདྲ་བའི་ཕྱག་ཕྲེང་གི་མང་ཚོགས་ལ་དེ་བས་མགྱོགས་མྱུར་དང་སྟབས་བདེ་བསྐྲུན་པ་རེད་ཅེས་བཤད།
        ཤེས་རྟོགས་བྱུང་བ་ལྟར་ན། ཕྱག་ཕྲེང་རྫོང་ནས་འདབ་པའི་ཉི་སྟེན་གནམ་གྲུ་ཐང་བར་གྱི་འགྲུལ་སྐྱེལ་རླངས་འཁོར་དེར་འདུག་སྟེགས་19ཡོད་པ་དང་།  རླངས་འཁོར་དེར་གཏན་འབེབས་ནང་བཞིན་ཉེན་འགོག་འགན་ལེན་གྱི་རིགས་འདང་ངེས་ཡོད་ཅིང་། ཉིན་རེར་གཏོང་ཐེངས་རེ་ཡོད་པ་དང་ཞོགས་པའི་ཆུ་ཚོད་4དང་ཕྱེད་ལ་རླངས་འཁོར་གཏོང་བ་དང་རིན་གོང་སྒོར་77ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1