དཀར་མཛེས་ཁུལ་གྱི་གྲོང་རྡལ་གྱི་ལྗང་གྱུར་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-08


        ཁྱོན་ཡོངས་ནས་གྲོང་ཁྱེར་གྱི་ལྗང་མདོག་ཁེབས་ཡུལ་ལེགས་པར་བཀོད་སྒྲིག་བྱས།   ལུགས་མཐུན་སྒོས་སྤྱི་གླིང་དང་སྤང་ལྗོངས་སོགས་ཀྱི་ལྗང་མདོག་ཁེབས་ཡུལ་བཀོད་སྒྲིག་ལེགས་པོ་བྱས་ནས།  རྩ་ཆེ་བའི་ལྗོན་ཤིང་དང་ལོ་རྒྱུས་རིག་གནས་ལྡན་པའི་འཛུགས་སྐུན་སོགས་ལ་སྲོང་སྐྱོང་བྱས་ནས་གཞུང་ལམ་འགྲམ་དུ་སྡོང་བོ་འཛུགས་དགོས་པ་དང་།  མི་དམངས་འཚོ་གནས་བྱེད་ཡུལ་དུ་ལྗོན་ཤིང་མང་པོ་བཙུགས་ནས་མང་ཚོགས་སྡོད་གནས་སུ་ལྗོང་ཤིང་མཐོང་ཐུབ་པ་བྱ་དགོས།  དེ་མིན་གྲོང་ཁྱེར་གྱི་སྤྱི་གླིང་གི་སྤང་ལྗོངས་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་ས་སྟོང་བེད་སྤྱོད་ལེགས་པོ་བྱས་ཏེ་ལྗང་མདོག་ཁེབས་ཡུལ་གྱི་ཚད་ཇེ་མཐོར་འདེགས་སུ་གཏང་དགོས། 2020ལོར་དཀར་མཛེས་ཁུལ་ཡོངས་ཀྱི་སྤྱི་གླིང་གི་ལྗང་མདོག་ཁྱབ་རྒྱ་ཁྱོན་བསྡོམས་སྨི་གྲུ་བཞི་མ་ཁྲི་200.21ཟིན་ཏེ་མང་ཚོགས་ལ་མཛེས་ཤིང་སྡུག་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་རེད།།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1