གནམ་ལོ་སར་དང་དཔྱིད་གསར་དུས་ཆེན་སྐབས་སུ་ཞོར་ལས་པའི་གླ་ཕོགས་གཞི་རྩའི་ཐོག་ཕྱིར་འགྱངས་མེད་པར་སྤྲོད་པར་ཁག་ཐེག་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-13


             ཉེ་ཆར། གསར་འགོད་པའི་ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ནས་བཟུང་། ཞིང་ཆེན་གྱི་ཁེ་ལས་ཀྱིས་གླ་ཕོགས་ཕྱིར་འགྱངས་བྱས་པའི་གནད་དོན་ཐག་གཅོད་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་ལྔ་མངགས་ནས། ཙི་གོང་སོགས་གྲོང་ཁྱེར་དང་ཁུལ་བཅུ་ཡིས་ཞོར་ལས་པར་གླ་ཕོགས་སྤྲད་པའི་གནས་ཚུལ་སྐོར་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གནང་སྟེ། 2017ལོའི་གནམ་ལོ་སར་དང་དཔྱིད་གསར་དུས་ཆེན་སྐབས་སུ་ཞོར་ལས་པའི་གླ་ཕོགས་གཞི་རྩའི་ཐོག་ཆད་ལྷག་མེད་པར་སྤྲོད་པར་ཁག་ཐེག་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1