དཀར་མཛེས་ཁུལ་གྱིས་སྐབས་དང་པོའི་ན་གཞོན་དང་བླངས་པའི་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་བདེ་བླག་ངང་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-13


       

        12·9ཡི་རྒྱལ་གཅེས་ལས་འགུལ་ལ་དྲན་གསོ་དང་སི་ཁྲིན་ཞིང་ཆེན་གྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པ། དགུ་པ། དེ་མིན་རང་སྐྱོང་ཁུལ་གྱི་སྐབས་བརྒྱ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་བཀོད་སྒྲིག་ལག་བསྟར་བྱ་ཆེད་དང་།  དཀར་མཛེས་ཁུལ་རིམ་པ་ཁག་གི་གུང་གཞོན་ཚོགས་པ་དང་ན་གཞོན་དང་བླངས་ཚན་ཆུང་གི་འཛུགས་པའི་གནད་སྨིན་དབུལ་སྐྱོར་དང་བླངས་ཞབས་ཞུའི་རྣམ་གྲངས་ལ་སྐུལ་འདེད་གཏང་ཆེད།  སྤྱི་ཟླ་12པའི་ཚེས་8ཉིན་ལ།  གུང་གཞོན་ཚོགས་པའི་དཀར་མཛེས་ཁུལ་ཏང་ཨུ་དང་ཀྲུང་གོ་གློག་འཕྲིན་ཀུང་སིའི་དཀར་མཛེས་མ་ལག་ཀུང་སི་གཉིས་ཀྱིས་དང་བླངས་དཀར་མཛེས། གནད་སྨིན་ཞབས་ཞུ་ཞེས་བརྗོད་དོན་དུ་བཟུང་ནས་ན་གཞོན་དང་བླངས་པའི་སྐབས་དང་པོའི་རྣམ་གྲངས་འགྲན་བསྡུར་སྤེལ། །

        འགྲན་བསྡུར་ཆེན་མོ་འདི་ནི་ད་ལོའི་ཟླ་3པའི་ཚེས་5ནས་འགོ་ཚུགས་ཤིང་།འགྲན་བསྡུར་ནང་ཞུགས་པའི་མི་སྣ་གཙོ་བོ་ནི་དཀར་མཛེས་ཁུལ་ཡོངས་ཀྱི་ཡུལ་ཤོག་བཅའ་སྡོད་ཀྱི་ཧྲུའུ་ཅི་དང་པོ་དང་རིམ་པ་ཁག་གི་གུང་གཞོན་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཁག་རེད། 
        ཐེངས་འདིའི་རྣམ་གྲངས་འགྲན་བསྡུར་བརྒྱུད་ནས།  དཀར་མཛེས་ཁུལ་ན་གཞོན་དང་བླངས་ཞབས་ཞུ་ལས་དོན་གྱི་མཐོ་རིམ་ཇུས་འགོད་ཐད་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པ་དང་ནུས་ལྡན་གྱི་དྲིལ་བསྒྲགས་བྱེད་སྟངས་དང་གོ་རིམ་ལྡན་པའི་རྩ་འཛུགས་འཁོར་སྐྱོད་ཅིག་གསར་སྤེལ་བྱས་པ་རེད།  གཞོན་ནུ་དང་བླངས་པའི་ཞབས་ཞུ་ལས་དོན་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་མཐོར་འདེགས་སུ་བཏང་བ་རེད།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1