གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༢ཚེས་༡༤ཉིན།

དཀར་མཛེས་ཁུལ་གྱིས་ཁྲེན་ཏུའུ་རུ་དགུན་དུས་ཀྱི་ཡུལ་སྐོར་ཁྱབ་བསྒྲགས་ཚོགས་འདུ་འཚོགས།

       

        དཀར་མཛེས་ཁུལ་གྱི་དགུན་དུས་ཀྱི་ཡུལ་སྐོར་ཁྱབ་བསྒྲགས་ལ་སྐུལ་འདེད་གཏང་ཆེད་དང་། སྲིད་གཞུང་དང་སྨྱན་སྦྱོར།  ཡུལ་སྐོར་ཁུལ་དང་ཡུལ་སྐོར་དང་འབྲེལ་པའི་ཚོང་ལས། མགྲོན་ཁང་། ཁེ་ལས་འཁོར་རྒྱུགས་སོགས་ཀྱི་སྟོབས་ཤུགས་གཅིག་བསྡུ་བྱ་ཆེད།   སྤྱི་ཟླ་12པའི་ཚེས་12ཉིན་ལ།  དཀར་མཛེས་ཁུལ་གྱི་དགུན་དུས་ཀྱི་ཡུལ་སྐོར་ཁྱབ་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།   ཧྲང་ཧན་དང་ཅང་སུའུ་སོགས་ནས་ཕེབས་པའི་ཡུལ་སྐོར་ལས་དོན་ཚོགས་པ་120ལྷག་ཐེངས་འདིའི་ཁྱབ་བསྒྲགས་ཚོགས་འདུར་ཞུགས།

         ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།  ད་ལོའི་དགུན་ཁར་དཀར་མཛེས་ཁུལ་གྱི་དུང་དཀར་ལུང་པ་དང་མི་རྒོད་མཚོ།  འཕགས་མོ་རི་སོགས་ཆུ་ཚན་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ཏེ་དགུན་དུས་སུ་ཉིན་གོང་བོར་ཡུར་སྐོར་བ་དག་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པར་མ་ཟད། བོད་ཀྱི་ལོ་སར་གྱི་སྐབས་སུ་ཡུལ་སྐོར་བ་རྣམས་ཀྱིས་རང་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་སྲོལ་རྒྱུན་གྱི་རིག་གནས་དང་ཡུལ་སྲོལ་ཉམས་སུ་མྱོང་ཆོག་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1