ལྷ་ས་ནས་རྩེད་ཐང་བར་གྱི་མགྱོགས་ལམ་ལྷོ་ཁ་དུམ་བུའི་ལས་གཞིའི་འཛུགས་སྐྲུན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 12-15


        ཁྱོན་མ་དངུལ་སྒོར་དུང་ཕྱུར་96 བཏང་བ་དང་སྤྱིའི་ལམ་ཐག་སྤྱི་ལེ ་47 ཡོད་པའི་ལྷ་ས་ནས་རྩེད་ཐང་བར་གྱི་ཤར་བགྲོད་མྱུར་ལམ་དེའི་ལྷོ་ཁ་དུམ་བུའི་ལས་གཞིའི་མྱུར་ཚད་འགན་ལེན་བྱེད་ཆེད་འཛུགས་སྐྲུན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།  ལྷ་ས་ནས་རྩེད་ཐང་བར་གྱི་ཤར་བགྲོད་མྱུར་ལམ་དེ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་ནས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བར་ཡིན་པ་དང་།  ཁ་ཕྱོགས་གཉིས་ནས་རླངས་འཁོར་བཞི་བསྐྱོད་ཐུབ་པའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞིར་གཞིགས་ནས་སྐྲུན་རྒྱུ་དང་།  དེང་སྐབས་ཕན་ཚུན་ཤར་གཏོང་གི་ཟམ་པ་སྣོལ་མ་རྒྱག་པ་དང་གཞུང་ལམ་གྱི་གཞི་རྟེན་སྐྲུན་བཞིན་ཡོད།
        ཤེས་རྟོགས་བྱས་པར་གཞིགས་ན།  བསམ་ཡས་ཀྱི་ཟམ་པ་སྣོལ་མ་དེར་ཟམ་རྟེན་24དགོས་ཀྱི་ཡོད་པའི་ནང་ཟམ་རྟེན་13བླངས་ཟིན་པ་རེད།  ལྷ་ས་ནས་རྩེད་ཐང་བར་གྱི་ཤར་བགྲོད་མྱུར་ལམ་གྱི་ལྷོ་ཁ་དུམ་བུའི་གཞུང་ལམ་གྱི་རྨང་གཞིའི་ཨར་སྐྲུན་གྱི་མྱུར་ཚད་འགན་ལེན་བྱེད་ཆེད་དགུན་དུས་ཡང་ལས་མཚམས་འཇོག་རྒྱུ་མིན་པ་རེད།  ལྷ་ས་ནས་རྩེད་ཐང་བར་གྱི་ཤར་བགྲོད་མྱུར་ལམ་གྱི་ལྷོ་ཁ་དུམ་བུའི་ལས་གཞི་དེ་ད་ལོའི་སྤྱི་ཟླ་11པའི་ཚེས་13ཉིན་ལས་འགོ་ཚུགས་པ་དང་།  སྤྱི་ལོ་་2018ལོའི་ཟླ་6པར་ལས་འཇུག་སྒྲིལ་རྒྱུ་ཡིན་པ་དང་།  མགྱོགས་ལམ་དེ་བསྐྲུན་རྗེས་ལྷ་ས་ནས་རྩེད་ཐང་བར་གྱི་ལམ་ཐག་ཉེ་རུ་ཕྱིན་ནས་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་གོང་འཕེལ་མྱུར་ཚད་དེ་བས་མགྱོགས་སུ་འགྲོ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1