པ་སངས་དོན་འགྲུབ་ལ་ཞིང་ཆེན་ཡོངས་ཀྱི་“ཕུལ་བྱུང་རིག་གནས་དང་བླངས་པ་བཅུའི”གཟེངས་བསྟོད་ཐོབ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-16


      

         མིག་སྔར། སི་ཁྲོན་ཞིང་ཆེན་ཀྱི་དམངས་ཚོགས་རིག་གནས་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་རིག་གནས་ཁང་གིས་མཉམ་དུ་རྩ་འཛུགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་རིག་གནས་དང་བླངས་པ་དཔྱད་འདེམས་བྱེད་སྒོ་ཁྲེན་ཏུའུ་རུ་སྤེལ། ཤེས་རྟོགས་བྱུང་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་ཁྲོད་པ་སངས་དོན་འགྲུབ་ལ་ཞིང་ཆེན་ཡོངས་ཀྱི“ཕུལ་བྱུང་རིག་གནས་དང་བླངས་པ་བཅུའི”གཟེངས་བསྟོད་ཐོབ།

        པ་སངས་དོན་འགྲུབ་ནི་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་མཐོ་རིམ་དགེ་རྒན་ཞིག་ཡིན་ལ། སློབ་མ་རྣམས་ལ་བོད་ཡིག་དང་བོད་ཡིག་ཡིག་གཟུགས་སོགས་སློབ་ཁྲིད་བྱས། 2015ལོར་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་ཞིང་ཆེན་རིམ་པའི་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་པའི་མིང་ཐོར་བཀོད། ཁོང་རིག་གནས་བྱེད་སྒོ་དང་འགྲན་བསྡུར་སོགས་བྱེད་སྒོ་མང་པོར་ཞུགས་མྱོང་ལ། ཁོང་གི་《དགེ་ལྟག་འབའ་གཞས། 》ཞེས་པའི་བོད་ཡིག་ཡིག་གཟུགས་ཐང་ཀ་རིང་པོ་དེ་འཛམ་གླིང་ཅིན་ནིའི་སིའུ་ཡིས་དགའ་རྟགས་ཐོབ། ད་དུང་ཁོང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱབ་ཁབ་ཐོབ་ནས་ལོ་འཁོར་80ལ་དྲན་གསོ་བྱ་ཆེད་ཡིག་གཟུགས་འགྲེམས་སྟོན་ཐེངས་གསུམ་སྤེལ། 2010ལོར་ཁོང་གིས་བོད་ཡིག་ཡིག་གཟུགས་རིན་མེད་གསོ་སྦྱོང་ལས་དོན་ཁང་བཙུགས་པ་དང་། 2013ལོར་པ་སངས་ཀྱི་སློབ་ཞུགས་རོགས་དངུལ་ཞེས་པ་བཙུགས་ནས་མི་རིགས་རིག་གནས་ཁྱབ་སྤེལ་ཐད་ལ་བྱ་དགའ་སྤྲད་པའི་ལྷག་བསམ་ཅན་གྱི་དང་བླངས་ལས་ཀ་མང་པོ་བསྒྲུབས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1