ལེགས་སྨོན་གྱི་ཐང་ག་འགྲེམ་སྟོན་དང་སྒྱུ་རྩལ་གླེང་སྟེགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-16



        སྤྱི་ཟླ་12པའི་ཚེས་14ཉིན།སི་ཁྲོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་མཐུན་ཚོགས་དང་ཀྲུང་གུང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ། དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་ཅུས། གསེར་རྟ་རྫོང་ཨུ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲིག་གནང་པ་དང་། ལེགས་སྨོན་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱིས་འགན་སྒྲུབ་མཛད་པའི་ལེགས་སྨོན་གྱི་ཐང་ག་འགྲེམ་སྟོན་དང་སྒྱུ་རྩལ་གླེང་སྟེགས་ཁྲེན་ཏུའུ་རུ་འཚོགས།
        རྒྱལ་ཡོངས་ཀྱི་ལས་རིགས་ཁག་ནས་ཕེབས་པའི་བོད་རིག་པའི་རིག་གནས་ཞིབ་འཇུག་མཁས་དབང་དང་སྒྱུ་རྩལ་པ། དེ་མིན་འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་ཐང་གའི་འགྲེམ་སྟོན་ཐོག་ཏུ་ཕེབས་པ་མ་ཟད་ཐང་གའི་སྒྱུ་རྩལ་དང་འབྲལ་བའི་བགྲོ་གླེང་གནང་།
        ཐེངས་འདིའི་ཐང་ག་འགྲེམ་སྟོན་གདན་འདྲེན་དང་སྒྱུ་རྩལ་གླེང་སྟེགས་ལས་ལེགས་སྨོན་གྱི་ཐུན་མོང་མ་ཡིན་པའི་ཐང་ག་སྒྱུ་རྩལ་གྱི་ཁྱད་ཆོས་དང་གཏིང་ཟབ་པའི་བརྗོད་དོན་མངོན་པ་དང་། དུས་མཚུངས་སུ་ལེགས་སྨོན་གཙོ་བྱས་པའི་ཀརྨ་སྒར་བྲིས་ཀྱི་ཐང་གའི་སྒྱུ་རྩལ་གྱི་འོས་འགན་དང་རིན་ཐང་ཐད་ལ་བགྲོ་གླེང་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1