དར་མདོ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོན་བྱས།

མིག་དམར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 12-19


        ད་ལོ་ནས་བཟུང་། དར་མདོ་གྲོང་ཁྱེར་གྱིས་ཤུགས་ཆེན་པོས་སློབ་གསོ་དར་བའི་གྲོང་ཁྱེར་གྱི་འཐབ་ཇུས་ལག་བསྟར་བྱས་ཤིང་། མི་དམངས་ཡི་རང་བའི་སློབ་གསོ་གཉེར་བ་དང་། ཏན་ཏིག་གིས་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ཐག་བཅད་བྱས་ཏེ། རྒྱལ་ཁབ་ནས་ས་གནས་རིམ་པ་ཁག་གི་སློབ་གསོའི་དམངས་ཕན་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དུད་ཚང་སྟོང་ལ་ཕན་པ་ཐོབ་པ་རེད།
        མིག་སྔར། གྲོང་ཁྱེར་དེས་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་བཏང་ཞིང་། སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་འབྲིང་སློབ་གསོ་དཀྱུས་མ། འབྲིང་རིམ་ཆེད་ལས་སློབ་གསོ། མཐོ་སློབ་དཀྱུས་མ་བཅས་སློབ་གསོའི་དུས་རིམ་སོ་སོར་ཁྱབ་ཅིང་། ཁྱད་པར་དུ་ཐག་རིང་གི་ཞིང་འབྲོག་སློབ་མར་རོགས་དངུལ་སྤྲད་པའི་སྲིད་ཇུས་དོན་འཁྱོལ་བྱས་པ་ནས་བཟུང་། ཕན་འབྲས་ཧ་ཅང་མངོན་གསལ་དོད་པ་དང་། དབུལ་ཕོངས་ཁྱིམ་ཚང་མང་པོ་ཞིག་གི་བུ་ཕྲུག་སློབ་དོར་བྱེད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས། རོགས་དངུལ་སྤྲད་པའི་སྲིད་ཇུས་མ་ལག་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་བ་དང་བསྟུན་ནས་ངེད་གྲོང་ཁྱེར་གྱི་ལམ་ལུགས་ཐད་གཞི་རྩའི་ཐོག་སློབ་མ་གཅིག་ཀྱང་ཁྱིམ་ཚང་དབུལ་བས་སློབ་ཤོར་མི་དགོས་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་དར་མདོ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་འགན་ཁུར་པས་དེ་ལྟར་བཤད་པ་རེད།
        ངོ་སྤྲོད་བྱས་པ་ལྟར་ན། 2016ལོར། དར་མདོ་གྲོང་ཁྱེར་གྱིས་སྒོར་ཁྲི་2331.51བཏང་ནས་རིན་པ་མི་དགོས་པ་གསུམ་དང་ཁ་གསབ་གཅིག་དོན་འཁྱོལ་བྱས་པ་དང་། སྒོར་ཁྲི་840.25བཏང་ནས་འོས་འགན་སློབ་གསོའི་དུས་རིམ་གྱི་འཚོ་བཅུད་ལེགས་བཅོས་བྱེད་པའི་འཆར་གཞི་དོན་འཁྱོལ་བྱས། སྒོར་ཁྲི་215.55བཏང་ནས་ལོ་བཅོ་ལྔའི་རིང་གི་རིན་མེད་སློབ་གསོ་དོན་འཁྱོལ་བྱས། སྒོར་ཁྲི་414.2972བཏང་ནས་རིགས་སོ་སོའི་སློབ་གསོའི་རོགས་དངུལ་སྤྲད་པའི་སྲིད་ཇུས་དོན་ལ་བབས་པ་དང་སྤྱི་ཚོགས་ཐོག་ནས་རོགས་དངུལ་སྒོར་ཁྲི་48.25ལོན་པར་བརྩོན་ལེན་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1