སྡེ་རོང་རྗོང་གི་ན་གཞོན་རྣམས་ཚན་རིག་རྟོག་ཞིབ་ཁང་དང་ཉེ་བར་བཅར།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དཀར་མཛེས་གསར་འགྱུར་དྲ་བ། སྤེལ་དུས། 12-20


        སྤྱི་ཟླ་12པའི་ཚེས་16ཉིན།   ཀྲུང་གོའི་འགུལ་སྐྱོད་ཚན་རིག་འགྲེམ་སྟོན་ཁང་དངོས་སུ་དཀར་མཛེས་ཁུལ་སྡེ་རོང་རྫོང་དུ་བཙུགས། 

        ངོ་སྤྲོད་བྱས་པ་ལྟར་ན།     ཚན་རིག་འགྲེམ་སྟོན་ཁང་གི་ནང་དུ་སྒྲ་འོད་ཉམས་ལེན་དང་གློག་བསྡུ་ཁབ་ལེན་ལ་ཞིབ་དཔྱོད།  རྩིས་རིག་ཞིབ་འཇུག་དང་བདེ་ཐང་གི་འཚོ་བ། བདེ་འཇགས་འཚོ་བ་སོགས་བརྫོད་བྱ་གཙོ་བོར་འཛིན་པའི་བཤམས་སྟོན་ཁང་སྣ་མང་འདུས།
        ཤེས་རྟོགས་བྱུང་པ་ལྟར་ན།  ཀྲུང་གོའི་འགུལ་སྐྱོད་ཚན་རིག་འགྲེམ་སྟོན་ཁང་སྡེ་རོང་རྫོང་དུ་བཙུགས་རྗེས་དུས་ངེས་ཅན་ཞིག་ལ་གནས་དེ་གའི་མང་ཚོགས་དང་ན་གཞོན་དག་ལ་སྒོ་ཕྱེ། སྡེ་རོང་རྫོང་གི་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་སྒོ་འགྲམ་ནས་ངོ་མཚར་ཆེ་པའི་ཚན་རིག་ལག་རྩལ་ཉམས་ལེན་བྱས་ཆོག་པ་དང་ཚན་རྩལ་ཤེས་བྱ་སྦྱོང་ཆོག་པ་རེད། དུས་མཚུངསས་སུ་སྤྱི་དམངས་ཀྱི་རིག་གནས་ཆུ་ཚད་མཐོར་འདེགས་སུ་ཕྱིན་པ་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་དང་ཚན་རྩལ་ཁྱབ་གདལ་གྱི་བྱ་གཞག་ལ་སྐུལ་སྤེལ་གྱི་ནུས་པ་ཐོན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1