སི་ཁྲོན་ཞིང་ཆེན་གྱིས་དཀའ་ཁག་ཡོད་པའི་བྱིས་པའི་འཚོ་བར་འགན་ལེན་བྱེད་པ་སོགས་ཀྱི་ལས་ཀ་བཀོད་སྒྲིག་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-20


            སྤྱི་ཟླ་12པའི་ཚེས་19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་གཞོན་པ་དབྱི་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་138པར་གཙོ་སྐྱོང་གནང་སྟེ། ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོང་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་པ་དང་། དཀའ་ཁག་ཡོད་པའི་བྱིས་པའི་འཚོ་བར་འགན་ལེན་དང་ཞིང་ལས་ཀྱི་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་བསྒྱུར་བ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
            ཚོགས་འདུའི་ཐོག་དཀའ་ཁག་ཡོད་པའི་བྱིས་པའི་འཚོ་བར་འགན་ལེན་བྱེད་པའི་བྱ་བའི་ལག་བསྟར་བསམ་འཆར་གྱི་སྐོར་ལ་གཞི་རྩིས་ཐོག་གྲོས་འཆམ་བྱུང་སྟེ། གཞི་རྩིའི་འཚོ་བ་དང་གཞི་རྩའི་སྨན་བཅོས། སློབ་གསོའི་ཁེ་དབང་། ལྟ་སྐྱོང་འགན་འཁྲི་སོགས་ཕྱོགས་བཞིའི་ཐད་ནས་འགན་ལེན་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། གོམ་གང་མདུན་སྤོས་ཀྱི་སྒོ་ནས་དཀའ་ཁག་ཡོད་པའི་བྱིས་པའི་གྲངས་ཀ་ཇེ་ཉུང་དང་། ལས་ཀའི་འགན་འཁྲི་གསལ་བོར་བྱེད་པ། བྱ་བའི་བྱེད་ཐབས་ཞིབ་ཕྲ་ཡོང་བར་བྱས་ནས། མགྱོགས་མྱུར་ངང་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆུ་ཚད་དང་འཚམས་པའི་དཀའ་ཁག་ཡོད་པའི་བྱིས་པའི་རིགས་བགར་ནས་འགན་ལེན་བྱེད་པའི་ལམ་ལུགས་ཚུགས་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་པ།
             ཚོགས་འདུའི་ཐོག་ད་དུང་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་བསྒྱུར་བའི་སྐོར་གྱི་ནོར་སྲིད་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པར་གྲོས་འཆམ་བྱུང་བ་དང་། དེའི་ཁྲོད་དུ་ཞིང་ལས་སྤོ་བསྒྱུར་མི་འབོར་གྱི་བྱིས་པ་ལ་སློབ་གསོ་མྱོང་བའི་དབང་ཆ་དང་། ཞིང་ལས་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་འགྱུར་བར་བྱ་དགའ་སྤྲོད་པ་ལ་འགན་ལེན་བྱས་ནས། ཞིང་ཆེན་གྱིས་དོ་སྙོམས་རང་བཞིན་གྱི་གཏོང་སྤྲོད་སྤོ་བསྒྱུར་ལམ་ལུགས་འཐུས་ཚང་ཏུ་གཏོང་བ་དང་། ཞིང་ལས་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་གྱུར་བའི་མ་རྩའི་འགན་བགོས་ནང་རྐྱེན་སོགས་ཚུགས་ཐུབ་པ་བྱས་ནས། མི་གཞི་དམིགས་སུ་འཛིན་པ་དང་མི་འབོར་འཁོར་རྒྱུགས་བྱེད་པའི་ས་གནས་སྲིད་གཞུང་གི་འགན་འཁྲིའི་ཤུགས་ཆེ་རུ་བཏང་ཐོག  ཞིང་བ་རང་འཐད་རང་མོས་ཀྱི་སྒོ་ནས་གཞི་ཆགས་པའི་དབང་ཆར་བརྩི་འཇོག་དང་། བྱེད་ཐབས་འཐུས་ཚང་། སྲིད་ཇུས་གནད་འཁེལ་ཡོང་བ་བྱས་ནས། མགྱོགས་མྱུར་ངང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ལ་བསྒྱུར་བར་སྐུལ་འདེད་གཏང་དགོས། དུས་མཚུངས་སུ་སྲིད་ཇུས་ཀྱི་ཕན་འབྲས་ལ་ལྟ་ཞིབ་ཚན་ལེན་དང་དཔྱད་དཔོག་བྱེད་པར་ཤུགས་སྣོན་བྱས་ཏེ། སྲིད་ཇུས་ཁག་གི་ནང་རྐྱེན་སྙོམས་སྒྲིག་དང་འཐུས་ཚང་དུ་གཏང་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1