ཟུང་ཆུ་རྫོང་གིས་ཡུལ་ཤོག་དང་གྲོང་རྡལ་12ཡི་དམངས་ཕན་ཞབས་ཞུ་ལྟེ་གནས་ལེགས་བཅོས་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-21


        སྤྱི་ཟླ་12པའི་ཚེས་20སྤེལ་བའི་གནས་ཚུལ་ལྟར་ན། 2015ལོ་ནས་བཟུང་ཟུང་ཆུ་རྫོང་གིས་ཉི་འོད་དམངས་ཕན་ཚོང་རྟགས་གཙོར་བཟུང་ནས་ཁྱོན་ཡོངས་ནས་ཡུལ་ཤོག་དང་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
        མིག་སྔའི་བར། སྒོར་ཁྲི་100བཏང་བ་དང་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་12ཡི་དམངས་ཕན་ཞབས་ཞུ་ལྟེ་གནས་ཚོམས་ཆེན་ཚད་ལྡན་ཅན་གྱི་རིམ་འཕར་བཅོས་བསྒྱུར་ལས་གཞི་ལེགས་གྲུབ་བྱུང་། 2017ལོར་སྒོར་ཁྲི་600བཏང་ནས་ལྷག་མའི་ཡུལ་ཤོག་དང་གྲོང་རྡལ་13ཡི་དམངས་ཕན་ཞབས་ཞུ་ལྟེ་གནས་ལ་ཁྱོན་ཡོངས་ནས་རིམ་འཕར་བཅོས་བསྒྱུར་བྱེད་པ་དང་སྲིད་དོན་གྱི་ཞབས་ཞུ་ལས་ཀ་དེ་གྲོང་སྡེའི་རིམ་པར་རྒྱ་སྐྱེད་དེ་གྲོང་སྡེའི་ཨུ་གཉིས་གཞུང་སྒྲུབ་ཁང་དམིགས་སུ་བཟུང་ནས་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་143དང་སྡོད་ཁུལ་བཞི་རུ་དམངས་ཕན་ཞབས་ཞུ་ལྟེ་གནས་བཙུགས་ནས་མང་ཚོགས་ཀྱི་དོན་བསྒྲུབ་པར་སྟབས་བདེ་བསྐྲུན་པར་འབད་པ་བྱེད་པའི་འཆར་གཞི་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1