༄༅།། དགུན་ཉི་ལྡོག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-21


1.དག་ཡིག་གསར་བསྒྲིགས་ལས།  དུས་གཟེར་ཉེར་བཞིའི་ནང་གི་ཉི་མ་ཡར་ལྡོག་གི་དུས་གཟེར་ཏེ། ལུགས་གསར་ཟླ་བ་བཅུ་གཉིས་པའི་ཉིན་ཉེར་གཅིག་པ་དང་ཉེར་གཉིས་པའམ་ཉེར་གསུམ་པ་གང་རུང་ཡིན་ཞིང་། ལུགས་རྙིང་ཟླ་བ་བཅུ་གཅིག་པའི་ནང་ལ་འབྱུང་།

2.དུང་དཀར་ཚིག་མཛོད་ཆེན་མོ་ལས། ལོ་ལྟར་སྤྱི་ཟླ12པའི་ཚེས22 ཉིན་དགུན་ཉི་ལྡོག་པ་སྟེ་ཉི་མ་རིང་དུ་འགྲོ་བ།
3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཕལ་ཆེར་བོད་ཟླ་བཅུ་གཅིག་པའི་ནང་དང་།  སྐབས་འགར་བཅུ་པའི་ནང་དུ་ལྷོ་བགྲོད་མཐར་ཐུག་དགུན་ཉི་ལྡོག  ལྡོག་དགུ་འདྲེན།  སྤྱི་ཟླ་བཅུ་གཉིས་པའི་ཚེས21དང22གང་རུང་ལ་དགུན་ཉིན་ལྡོག
4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཧོར་ཟླ་བཅུ་གཅིག་པའི་སྒང་ལ་ལྷོ་བགྲོད་མཐར་ཐུག་ཉི་མ་ལྷོ་ནས་བྱང་དུ་ལྡོག་དགུ་འདྲེན།  冬至。藏历十一月中气,太阳南行至极,开始回归北行的节气,随即开始数九。
5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག རྩིས་རིག དུས་གཟེར་ཉེར་བཞིའི་ནང་གསེས་ཤིག་སྟེ། ཕྱི་ཟླ་བཅུ་གཉིས་ཚེས་ཉེར་གཅིག་ནས་ཉེར་གསུམ་བར་གྱི་དུས་སྐབས།

འབྲེལ་ཡོད་ཀྱི་ཤེས་བྱ།--ཉི་མ་ལྡོག་ཐིག

        ཉི་མ་ལྡོག་ཐིག་ནི་སའི་གོ་ལའི་སྟེང་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མ23°26′ཡི་དུས་མཉམ་དུ་ཡོད་པའི་འཕྲེད་ཐིག་གི་ཏུའུ་གྲངས་བདམ་རྟགས་དེ་ལ་གོ འཕྲེད་ཐིག་བྱང་མ23°26′དེ་ལ་ཉི་མ་ལྡོག་ཐིག་བྱང་མ་ཞེས་བྱ་ཞིང་། དེ་ནི་ཉི་འོད་སའི་གོ་ལའི་སྟེང་དྲང་ཐད་དུ་ཕོག་པའི་ཆེས་བྱང་མཚམས་ཐིག་ཡིན། འཕྲེད་ཐིག་ལྷོ་མ23°26′དེ་ལ་ཉི་མ་ལྡོག་ཐིག་ལྷོ་མ་ཟེར་ཞིང་། དེ་ནི་ཉི་འོད་སའི་གོ་ལའི་སྟེང་དྲང་ཐད་དུ་ཕོག་པའི་ཆེས་ལྷོ་མཚམས་ཀྱི་ཐིག་ཡིན།  ཉི་མ་ལྡོག་ཐིག་ནི་ཉི་མས་ལོ་རེར་སའི་གོ་ལའི་སྟེང་དྲང་ཐད་དུ་ཕོག་པའི་ཕར་འགྲོ་ཚུར་འོང་ངང་འགུལ་སྐྱོད་བྱ་བའི་མཚམས་ཐིག་ཡིན།
        སའི་གོ་ལ་ཉི་མར་སྤྱི་འཁོར་བྱེད་དུས། སའི་གོ་ལའི་རང་འཁོར་གྱི་འཁོར་མདའ་དང་ཉི་མའི་འཁོར་ལམ་གྱི་ངོས་གཏན་དུ66°34′ཡི་མཚམས་ན་བསྣོལ་ཡོད་ལ། དེས་སའི་གོ་ལ་ནམ་ཡང་ཉི་མར་གསེག་ནས་འཁོར་བ་མཚོན། འདི་ལྟར་མཚམས་ལམ་རེར་སའི་གོ་ལ་ཕྱེད་གླིང་བྱང་མ་ཉི་མ་ལ་གསེག་ནས་འཁོར་བ་དང་། ཡང་མཚམས་ལམ་རེར་གོ་ལ་ཕྱེད་གླིང་ལྷོ་མ་ཉི་མར་གསེག་ནས་འཁོར། དེ་བས་ཉི་མའི་འོད་སའི་གོ་ལའི་སྟེང་འགྱེད་པའི་གནས་ནི་དུས་ཚོད་ལ་ངེས་གཏན་མེད་པར་ལྷོ་བྱང་དུ་འགུལ་སྐྱོད་བྱེད།  དགུན་ཉི་ལྡོག་ནས་དབྱར་ཉི་ལྡོག་བར། ཉི་མས་དྲང་འཕྲོ་ཐིག་འཕྲེད་ཐིག་ལྷོ་མ23°26′ཡི་མཚམས་ནས་རིམ་གྱིས་བྱང་དུ་སྤོ་འགུལ་བྱས་ཏེ་འཕྲེད་ཐིག་བྱང་མ23°26′མཚམས་ལ་སླེབས་ཤིང་རིམ་གྱིས་བྱང་སྣེ་ཡི་དྲང་འཕྲོ་ཐིག་ལ་སླེབས་ཤིང་། རིམ་གྱིས་དྲང་འཕྲོ་ཐིག་ལྷོ་ཕྱོགས་སུ་སྤོ་འགུལ་བྱེད་ཅིང་ལྷོ་སྣེ་ཡི་དྲང་འཕྲོ་ཐིག་གི་མཚམས་ལ་ཐོན་ཞིང་། དེ་འཕྲེད་ཐིག་ལྷོ་མ23°26′ཡིན།
        གོང་གི་འདི་ལས་ཤེས་གསལ་ལྟར། དབྱར་ཉི་ལྡོག་འདས་ན་ཉི་འོད་རིམ་བཞིན་ལྷོ་ཕྱོགས་སུ་སྤོར་ལ། བྱང་སྣེ་ཕྱེད་གླིང་གི་ཉི་མའི་འོད་འགྱེད་པའི་དུས་ཡུན་རིམ་གྱིས་ཇེ་ཉུང་ལ་འགྲོ། འཕྲེད་ཐིག་བྱང་མ23°26′ཡི་འཕྲེད་ཐིག་ནི་ཉི་འོད་བྱང་སྣེ་ཕྱེད་གླིང་གི་སྟེང་དྲང་འཕྲོ་རུ་ཕོག་པའི་བྱང་སྣེ་མཚམས་ཡིན། དེ་བས་འཕྲེད་ཐིག་འདི་ལ་ཉི་མ་ལྡོག་ཐིག་བྱང་མ་ཟེར། དགུན་ཉི་ལྡོག་གི་དུས་སུ་ཉི་འོད་འཕྲེད་ཐིག་ལྷོ་མ23°26′ཡི་འཕྲེད་ཐིག་སྟེང་དྲང་འཕྲོ་རུ་ཕོག དགུན་ཉི་ལྡོག་འདས་ན་ཉི་འོད་རིམ་བཞིན་བྱང་ཕྱོགས་སུ་སྤོར་ལ། དབྱར་ཉི་ལྡོག་ཏུ་ཐོན་དུས། ཡང་བསྐྱར་ཉི་མ་ལྡོག་བྱང་མར་དྲང་འཕྲོ་རུ་ཕོག འཕྲེད་ཐིག་ལྷོ་མ23°26′ཡི་འཕྲེད་ཐིག་ནི་ཉི་འོད་སའི་གོ་ལ་ཕྱེད་གླིང་ལྷོ་མའི་སྟེང་དྲང་འཕྲོ་རུ་ཕོག་པའི་ལྷོ་སྣེ་མཚམས་ཡིན་ལ། དེ་བས་ཐིག་འདི་ལ་ཉི་མ་ལྡོག་ཐིག་ལྷོ་མ་ཟེར། ཉི་མ་དྲང་འཕྲོ་རུ་ཕོག་པའི་གནས་ནི་སའི་གོ་ལའི་སྤྱི་འཁོར་ཏེ་ཉི་མ་ལྡོག་ཐིག་ལྷོ་བྱང་མ་གཉིས་ཀྱི་མཚམས་ན་སྤོ་འགུལ་བྱེད་པ་དེའོ། །ལྷོ་དང་བྱང་གི་ཉི་མ་ལྡོག་ཐིག་གཉིས་ནི་ཚ་རྒྱུད་དང་ལྷོ་བྱང་དྲོད་རྒྱུད་བར་གྱི་བགར་མཚམས་ཐིག་ཡིན།
(རྩོམ་འདི་ཡོངས་འཛིན་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1